འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ཡིས་ཁ་ཐར་ལ་བཀག་སྡོམ་ད་དུང་མུ་མཐུད་བྱ་རྒྱུ་ཡིན་
    ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁ་ཐར་དང་ཨ་རིའི་བར་འཇིགས་སྐུལ་རིང་ལུགས་ལ་རོགས་དངུལ་སྤྲོད་པར་རྡུང་རྡེག་གཏོང་རྒྱུའི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པར་དམིགས་ནས་སོ་ཏི་ཨ་རབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན། ཨེ་ཅིབ་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་རྒྱལ་ཁབ་བཞི་ཡིས་ཁ་ཐར་གྱིས་བརྗེད་ཐོ་ལག་བསྟར་བྱེད་མིན་ལ་ལྟ་སྐུལ་བྱ་རྒྱུ་ཡིན་པ་དང་། ཁ་ཐར་ལ་བཀག་སྡོམ་བྱེད་ཐབས་ད་དུང་མུ་མཐུད་དེ་ལག་ལེན་བསྟར་རྒྱུ་ཡིན་ཞེས་བརྗོད་པ་རེད། 
         གསལ་བསྒྲགས་ཀྱི་ནང་དུ་སྔོན་ཆད་ཁ་ཐར་གྱིས་གྲོས་མཐུན་ལ་བརྩི་སྲུང་མ་བྱས་པར་དམིག་ནས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ཡིས་ཐེངས་འདིའི་ཁ་ཐར་དང་ཨ་རིའི་བར་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་ཙམ་གྱིས་མི་འདང་བར། རྒྱལ་ཁབ་བཞི་ཡིས་ཁ་ཐར་གྱིས་བསམ་ཤེས་བརྗེད་ཐོ་ལག་བསྟར་བྱེད་མིན་ལ་ལྟ་སྐུལ་བྱེད་རྒྱུ་ཡིན་པ་དང་། ཁ་ཐར་ལ་བཀག་སྡོམ་བྱེད་ཐབས་ད་དུང་མུ་མཐུད་ནས་ལག་བསྟར་བྱ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཟླ་7ཚེས་11ཉིན་ཁ་ཐར་དང་ཨ་རི་ཡིས་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་འཇུགས་སྐུལ་རིང་ལུགས་ལ་རོགས་དངུལ་སྤྲོད་པར་རྡུང་རྡེག་གཏོང་བའི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་རེད།
    ཟླ་6ཚེས་5ཉིན། སོ་ཏི་ཨ་རབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན། ཨེ་ཅིབ་བཅས་རྒྱལ་ཁབ་བཞི་ཡིས་ཁ་ཐར་གྱིས"འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ"དང"ས་ཁུལ་གྱི་བདེ་འཇགས་གཏོར་བརླག་བཏང་བ"རྒྱུ་མཚན་དུ་བཟུང་ནས་ཁ་ཐར་དང་འབྲེལ་བ་བཅད་པ་མ་ཟད། ད་དུང་ཁ་ཐར་ལ་སྐྱེལ་འདྲེན་བཀག་འགོག་དང་བཀག་སྡོམ་བྱས་པའང་ཁྱབ་བསྒྲགས་བྱས་པ་རེད། ཟླ་6ཚེས་23ཉིན། རྒྱལ་ཁབ་བཞི་ཡིས་ཁུ་ཝེ་ཐེ་བརྒྱུད་ནས་ཁ་ཐར་ལ་ཉམས་ཉེན་ཐག་གཅོད་རྒྱུ་དམིགས་ཡུལ་དུ་བཟུང་བའི་བླང་བྱ་13སྐོར་གྱི་ཡིག་ཆ་བརྒྱུད་སྤྲོད་བྱས་པ་རེད།
         ཟླ་བ་འདིའི་ཚེས་5ཉིན། རྒྱལ་ཁབ་བཞི་ཡིས་ཁ་རོ་རུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་རྒྱལ་ཁབ་བཞི་ཡིས་བཏོན་པའི་བླང་བྱ་13ལ་དམིགས་ནས་ཁ་ཐར་གྱིས་བཏབ་པའི་ལན་ལ་ཡི་མི་རང་ཞེས་བརྗོད་པས། ཁ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་དེ་ལ་བློ་ཕམ་བྱུང་ཞེས་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།