འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"གློག་ཤུགས་མཁའ་ལམ"ཐོག་གི"གངས་ལྷ་མེ་ཏོག"

    ——མཚོ་བོད་ས་མཐོའི་ཐོག་གི་ཅིས་ལིན་གྱི་གློག་དྲ་ལས་གྲྭའི་འཛུགས་སྐྲུན་པ་ཚོའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         2017ལོའི་ཟླ་4ཚེས་6ཉིན་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གློག་གཏོང་གློག་སྒྱུར་ལས་གྲྭ་སྟེ། བོད་དབུས་གློག་དྲའི་ལས་གྲྭ་དངོས་སུ་སྐྲུན་པ་དང་བསྟུན་ནས། བོད་དབུས་རྒྱུད་དུ་དགུན་དུས་ཆུ་བྲི་བའི་རྐྱེན་གྱིས་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
        ལས་གྲྭ་དེའི་ནང་ཞུགས་མཁན་བྱང་ཤར་ནས་ཡོང་བའི་གློག་ཤུགས་དཔུང་ཁག་གཅིག་ཡོད་པ་དེར་གློག་ཤུགས་ཀྱི“ངར་ལྕགས་དམག”ཅེས་འབོད་ཀྱི་ཡོད།
        དབྱར་དུས་སུ་བོད་ལྗོངས་སྤོ་བོ་རྫོང་གི་བོད་དབུས་གློག་དྲའི་ལས་ཡུལ་དུ་ལས་གོས་ཐོག“ཅི་ལིན་གློག་ལས་པ”ཞེས་བྲིས་པའི་གློག་ལས་དཔུང་ཁག་ཞིག་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་མིང་མེད་རི་བོའི་ཐོག་གློག་གི་ལྕགས་སྒྲོམ་འཛུགས་རྒྱུའི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་འདུག
         བོད་དབུས་གློག་དྲའི་ལས་གྲྭ་ནི་ད་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། ལྕགས་སྒྲོམ་དབར་གྱི་བར་ཐག་རིང་ཤོས། མཐོ་ཁྱད་ཆེ་ཤོས་བཅས“མཐོ་ཤོས་གསུམ”གྱི་ལས་གྲྭ་ཞིག་ཡིན་ཞིང་། ཅི་ལིན་གློག་གཏོང་གློག་སྒྱུར་ལས་གྲྭ་ཀུང་སིས་སྐྲུན་འགན་འཁུར་བའི་གློག་ལམ་དུམ་བུ་དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡན་ཡོད་ལ། ལས་གྲྭའི་ལམ་རྒྱུད་ཀྱི་ཁོར་ཡུག་ཞན་ལ་ལས་གྲྭ་རྙོག་འཛིང་དང་དཀའ་ཚེགས་ཆེ་བ་ཞིག་ཡོད།
        འདི་ལྟ་བུའི་འགྲན་སློང་གི་མདུན་དུ་འཛུགས་སྐྲུན་པ་ཚོའི“ངར་ལྕགས་དམག”གི་སྙིང་སྟོབས་སླར་ཡང་འཕེལ་ཞིང་། དེ་སྔ་ཅི་ལིན་གློག་གཏོང་གློག་སྒྱུར་ལས་གྲྭ་ཀུང་སིའི་མི་རབས་རྒན་གྲས་ཚོས་བྱང་ཤར་གྱི་གྲང་ངར་རླུང་བུ་དང་གངས་འཁྱག་ཁྲོད་རང་རྒྱལ་གྱི་ལོ་རྒྱུས་ཐོག་འཁོད་པའི་ཆན་ཕུའུ་220ཡོད་པའི་གློག་གཏོང་གློག་སྒྱུར་གློག་སྐུད་དང་པོ་དེ་ཁྲིད་ཡོད། ད་ཆ་ཁོང་ཚོས་སླར་ཡང་འགྲན་སློང་བསུས་ནས་འཛམ་གླིང་ཐོག་རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་ཀྱི་གློག་གཏོང་གློག་སྒྱུར་ལས་གྲྭ་དེ་སྐྲུན།
        གངས་ལྗོངས་ས་མཐོར་འབྱོར་སྐབས་རྣམ་གྲངས་ལས་གྲྭའི་ཅིང་ལི་ཝང་ཅི་ཡིའོ་ཡིས་མྱོང་ཚོར་ཟབ་མོས“གློག་ཤུགས་འཛུགས་སྐྲུན་གྱི་ལས་ཀ་བྱས་ནས་ལོ་20ལྷག་ཙམ་འགྲོ་གི་འདུག རང་བྱུང་ཆ་རྐྱེན་དེ་ལྟ་བུའི་རྙོག་འཛིང་ཆེ་བའི་གློག་དྲའི་ལས་གྲྭ་མཐོང་ཐེངས་དང་པོ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་དུ་ལས་ཀ་བྱེད་ཐེངས་དང་པོ་ཡང་ཡིན་ལ་གློག་གི་ལྕགས་སྒྲོམ་དབར་མཐོ་ཁྱད་ལ་སྨི་1000ཟིན་དགོས་པས་འགྲན་སློང་ཆེན་པོ་ཞིག་རེད”ཅེས་བརྗོད་བྱུང་།
         འཛམ་གླིང་གི་གློག་ཤུགས་ལས་གྲྭ་དཀའ་ཤོས་ལ་འགྲན་སློང་བྱེད།
         བོད་དབུས་གློག་དྲའི་ལས་ཡུལ་ལམ་རྒྱུད་ཀྱི་ས་བབ་མཐོ་ཤོས་ལ་སྨི་5295ཡོད་པ་དང་ས་ཆ་མང་ཆེ་བར་གསོ་རླུང་འདུས་ཚད་ཀླུང་ཐང་གི་30%ལས་མེད། དེ་ལྟ་བུའི་ཁོར་ཡུག་ཁྲོད་ལས་ཀ་བྱེད་པ་དེ་ནི་གློག་དྲའི་འཛུགས་སྐྲུན་པ་ཚོའི་ངོས་ནས་བརྗོད་ན་འགྲན་སློང་ཆེན་པོ་ཞིག་རེད།
         བོད་དབུས་གློག་དྲའི་ལས་གྲྭ་དེ་འཛམ་གླིང་ཐོག་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་ཤོས་དང་ས་གཤིས་ཀྱི་གནོད་འཚེ་མང་ཤོས་ཀྱི“གཙང་གསུམ་ཆུ་བོའི”གས་སྲུབས་རྒྱུད་དུ་གནས་པར་བརྟེན་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་པས་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད།
         གྲ་སྒྲིག་ལས་དོན་བསྒྲུབས་པ་ནས་ད་བར་བོད་དུ་འབྱོར་ནས་ལོ་གཅིག་ལྷག་ཙམ་ནང་ས་ཡོམ་ཐེངས་གཉིས་བརྒྱབ་པ་དང་ཉི་རིལ་བའི་གནས་ཚུལ་ཐེངས་མང་འཕྲད།
         ལས་གྲྭའི་ཅིང་ལི་ཞིང་ཤིན་གྱིས་གསར་འགོད་པར་ད་ཆ་དབྱར་ཁ་ཡིན་ཡང་ལས་ཡུལ་དུ་དགོང་མོ་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་དུ་སླེབས་པས་མི་རྣམས་འཁྱག་ནས་ཁ་འདར་ཤོར་གྱི་འདུག ཉིན་དགུང་དྲོད་ཚད་ཧྲེ་ཧྲི་ཏུའུ་20ཟིན་པ་དང་སྨུག་ཕྱིའི་འོད་ཟེར་ཆེ་བར་བརྟེན་བཟོ་པ་མང་པོ་ཞིག་གི་ངོ་གདོང་སྨུག་པོར་གྱུར་ནས་པགས་པ་བུད་ཀྱི་འདུག་ཅེས་བརྗོད་བྱུང་།
         གློག་གི་ལྕགས་སྒྲོམ་སྟེང་དུ་ཏང་དར་ལྷབ་ལྷུབ་གཡོ།
         ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་བཙུགས་པའི་ཅི་ལིན་གློག་གཏོང་གློག་སྒྱུར་ལས་གྲྭ་བཀོད་འདོམས་པུའུ་རུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་གྱང་སྟེང་དུ་བྲིས་པའི“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་ཚད་གཞི་དམའ་རུ་གཏོང་གི་མིན”ཞེས་པ་དེ་རེད།
        རུ་ཁག་16གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧན་ཅི་ཧྥུ་ཡིས“དཀའ་ཚེགས་ཆེ་བའི་ཁོར་ཡུག་དེ་འདྲའི་ནང་ལས་ཀ་བྱེད་སྐབས་མེས་རྒྱལ་གྱི་འཛུགས་སྐྲུན་བྱ་གཞག་ལ་བཅངས་པའི་འགན་འཁྲིའི་བསམ་པ་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཤིག་མེད་ན་ལས་གྲྭ་དེ་རིགས་སྒྲུབ་དཀའ་བ་ཞིག་རེད། མ་གཞི་ཕ་ཡུལ་དང་ས་ཐག་རིང་བའི་མཚོ་བོད་མཐོ་སྒང་དུ་ལས་ཀ་བྱེད་ཀྱང་ཏང་འཛུགས་སྐྱོང་གི་ལས་དོན་ལ་ལྷོད་གཡེང་ཡེ་ནས་མ་བཏང་བར་དེ་ལས་ལྡོག་སྟེ་དམ་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད།
         གློག་གི་ལྕགས་སྒྲོམ་རེ་རེ་བཙུགས་པ་སྦྲགས། དམར་མདངས་བཀྲ་བའི་ཏང་དར་གང་དེའི་སྟེང་དུ་འཛུགས་ཀྱི་ཡོད་ལ། ལས་གྲྭའི་བཀོད་འདོམས་པུའུ་ཁག་ནས་ཏང་རྩ་འཛུགས་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད། ཏང་ཡོན་གྱི་ལས་དོན་ཐོ་འགོད་སའི་གྱང་སྟེང་དུ་ཏང་ཡོན་གྱིས་གང་འདྲ་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུའི་བརྗིད་ཆེའི་དམ་བཅའ་བཀོད་འདུག ཏང་ཡོན་གྱི་བྱེད་སྒོ་ཁང་དུ་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཚུལ་ཐོ་བཀོད་འདུག་ལ། ཏང་ཀྲི་པུའི་འགན་འཁུར་བས་དུས་བཀག་ལྟར་ཏང་ཡོན་དང་གླེང་མོལ་བྱེད་ཀྱི་ཡོད་པ་བཀོད་འདུག
         “འགག་རྩའི་ལས་གནས་ཐོག་ཏང་ཡོན་ཡོད་པ་དང་། དཀའ་ངལ་གྱི་མདུན་དུ་དོན་ཐུབ་པའི་ཏང་ཡོན་ཡོད”ང་ཚོས་བོད་དབུས་གློག་དྲའི་ལས་གྲྭའི་ཁྲོད་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་འབྲེལ་ཏང་ཡོན་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ལ་བརྟེན་ནས་དཔུང་ཁག་གི་འཐབ་ནུས་ཆེ་རུ་བཏང་ཡོད་ཅེས་ཅི་ལིན་གློག་གཏོང་གློག་སྒྱུར་ལས་གྲྭ་ཀུང་སིའི་ཏང་དང་མང་ཚོགས་ལས་དོན་པུའི་པུའུ་ཀྲང་ཀྲོའུ་དབྱིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།