འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི"ཕྱི་རྒྱལ་གྱི་མག་པ"

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི'ཕྱི་རྒྱལ་གྱི་མག་པ'
          མི་དམངས་དྲ་བའི་འཕྲིན། འདི་ལོ་ལོ་29ལ་སླེབས་པའི་འཇར་མན་བ་ཐུའོ་མ་སི་ལོ་བཅུའི་གོང་ཧྲང་ཧའེ་རུ་བརྗེ་རེས་སློབ་མ་བྱེད་པར་བསྐྱོད་པ་དང་འབྲེལ་ཧྲང་ཧའེ་ཡི་བུ་མོ་ཞིག་ངོ་ཤེས་ནས་ཀྲུང་གོའི“ཕྱི་རྒྱལ་གྱི་མག་པར”གྱུར། ད་ཆ་ཐུའོ་མ་སིས་རྒྱ་ཡིག་བྱང་ཆུབ་པ་ཤེས་པ་མ་ཟད། ཧྲང་ཧའེ་ཡི་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་པས་ཚང་མས་ཁོང་ལ“ཨ་ཧྥུའུ”ཞེས་བརྗོད།
         ཨ་ཧྥུའུ་ཡིས་དངུལ་སྨར་མ་ཁྱེར་བར་ཧྲང་ཧའེ་ཡི་འཚོ་བ་མྱོང་རོལ་བྱས་པ་སྟེ། ཁོང་གིས་ཚལ་ཁྲོམ་དུ་ཚལ་ཉོ་བ་དང་། མཛེས་ལྗོངས་ལ་ལྟ་སྐོར་བྱེད་པ། སྤྱི་སྤྱོད་རྐང་འཁོར་བོགས་ལེན་སོགས་ཚང་མར་ལག་ཐོགས་ཁ་པར་ནས་དངུལ་སྤྲོད་ཀྱི་ཡོད། “ང་ཧྲང་ཧའེ་རུ་འཚོ་བ་སྐྱེལ་བར་ཧ་ཅང་དགའ་པོ་ཡོད། ཕྱིར་སྐྱོད་སྐབས་ལག་ཐོགས་ཁ་པར་ཁྱེར་ཚེ་གནས་ཚུལ་མང་པོ་ཞིག་ཐག་གཅོད་ཐུབ་ཀྱི་འདུག”ཅེས་ཨ་ཧྥུའུ་ཡིས་བཤད།
         རྒྱུན་སྡོད་མི་འབོར་ཁྲི་2400ཡོད་པའི་གྲོང་ཁྱེར་དེར་སྒུལ་བདེའི་གཏོང་སྤྲོད་ཀྱི་རྣམ་པ་ཆགས་བཞིན་ཡོད། དངུལ་སྤྲོད་འབོའི་ཐད་ཀྱི་བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར་ཧྲང་ཧའེ་ཡི་གློག་རིན་བཅུ་ཆ་དྲུག་ཚང་མ་དྲ་ཐོག་ནས་སྤྲོད་ཀྱི་ཡོད། བདལ་གཏོང་རླངས་འཁོར་98%ཡན་ལ་སྒུལ་བདེ་ནས་གཏོང་སྤྲོད་བྱ་ཆོག་པ་མ་ཟད། དངུལ་སྤྲོད་འབོར་བརྟེན་ནས་འགྲིམ་འགྲུལ་གཱ་ལ་དངུལ་བླུག་ཆོག་པ་དང་ཁྲོམ་གཞུང་གི་ཚོང་ཁང་ཆུང་ངུ་དང་སྡེར་ཐང་ཁྲོམ་ར་མང་ཆེ་བར་དངུལ་སྤྲོད་འབོ་སྤྱད་ཆོག་གི་ཡོད་ཅིང་། གོང་གི་པར་རིས་ནི་ཨ་ཧྥུའུ་ཡིས་ཧྲང་ཧའེ་ཁྲེང་ཧོང་ལྷ་ཁང་དུ་དངུལ་སྤྲོད་འབོར་བརྟེན་ནས་དངུལ་སྤྲད་དེ་འཁྲབ་སྟོན་ལ་ལྟ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།