འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་ལོག་གི་གནོད་འཚེ་ཆེས་ཆེ་བ་བྱུང་བས་ཧུའུ་ནན་ཞིང་ཆེན་དུ་མི་27རྐྱེན་ལམ་དུ་ཤོར་
    བ་དང་མི་8གར་སོང་ཆ་མེད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧུའུ་ནན་ཞིང་ཆེན་ཆུ་ལོག་ཐན་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་7ཚེས་4ཉིན་གྱི་ཆུ་ཚོད་10ཡི་བར་གྱི་ཐོག་མའི་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་6ཚེས་22ཉིན་ནས་བཟུང་དྲག་ཆར་བབས་པ་ལས་ཧུའུ་ནན་ཞིང་ཆེན་གྱི་གྲོང་ཁྱེར་རམ་ཁུལ་14དང་། རྫོང་ངམ་གྲོང་ཁྱེར་རམ་ཆུས་118 ཤང་དང་གྲོང་རྡལ་1621བཅས་ལ་གནོད་འཚེ་ཕོག་ཡོད་པ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཡིས་ཐད་ཀར་མི་27རྐྱེན་ལམ་དུ་ཤོར་བ་དང་། མི་8གར་སོང་ཆ་མེད་དུ་གྱུར་པ། གནོད་འཚེ་ཕོག་མཁན་མི་གྲངས་ཁྲི་1145.9ཟིན་ཞིང་།  ཞིང་ཁ་རྒྱ་ཁྱོན་སྤྱི་ཆིང་879.6གི་ལོ་ཏོག་ལ་གནོད་འཚེ་ཕོག་པ། ཁང་པ་ཁྲི་3.86རྡིབ་ལོག་བྱུང་བ་བཅས་གནོད་འཚེ་བཟོས་པ་རེད།
         ཟླ་6ཚེས་22ཉིན་ནས་བཟུང་ཧུའུ་ནན་ཞིང་ཆེན་དུ་དྲག་ཆར་བབས་པའི་གནས་ཚུལ་བྱུང་བ་རེད།  ཧུའུ་ནན་ཞིང་ཆེན་ཆུ་ལོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན་ལུའོ་དབྱི་ཅུན་གྱིས་ངོ་སྤྲོད་ལྟར་ན། ཐེངས་འདིའི་དྲག་ཆར་འབབ་ཡུན་ཉིན་11རིང་རྒྱུན་མཐུད་བྱས་པ་དང་། དྲག་ཆར་འབབ་རྒྱ་ཞིང་ཆེན་ཡོངས་ལ་ཁྱབ་པ་དང་། ཞང་ཅང་དང་། ཙི་ཅང་། ཡོན་ཅང་བཅས་གཙང་པོར་ཉེན་ཟོན་ཆུ་གན་ལས་བརྒལ་བའི་ཆུ་ལོག་ཐེངས་གཉིས་བསྟུད་མར་བྱུང་བ་རེད། ཏུང་ཐིང་མཚོ་ཡི་རིང་ཚད་སྤྱི་ལེ་3471ཡོངས་སུ་ཉེན་ཟོན་ཆུ་གནས་ལས་བརྒལ་ཞིང་། དེའི་ཁྲོད་དུ་1/3གྱི་ཆུ་རགས་དུམ་མཚམས་སུ་འགན་ལེན་ཆུ་གནས་ལས་བརྒལ་བ་མ་ཟད། ད་དུང་ཆུ་མུ་མཐུད་དེ་རྒྱས་བཞིན་ཡོད་ཅེས་བཤད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་ནན་ཞིང་ཆེན་གྱིས་འབྲུབ་འགོག་གནོད་སེལ་ལས་དོན་དེ་མིག་སྔའི་ལས་དོན་མཐའ་དག་ལས་གལ་ཆེ་བའི་ལས་འགན་ཨང་དང་པོར་བཟུང་ཞིང་། ཧུའུ་ནན་ཞིང་ཆེན་འབྲུབ་འགོག་བཀོད་འདོམས་པུའུ་ཡིས་ས་གནས་ཁག་གི་འབྲུབ་འགོག་གནོད་སེལ་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་གི་དཔོན་དམག་དང་། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཁྲི་1.5ལ་ཉེ་བ་འབྲུབ་འགོག་གནོད་སེལ་མདུན་སར་བསྐྱོད་དེ་གནོད་འཚེ་ཕོག་ཁུལ་གྱི་ཉེན་སྐྱོབ་གནོད་སེལ་ལ་རྒྱབ་སྐྱོར་བྱས་པ་དང་། ས་གནས་ཁག་གིས་སྔོན་ཚུད་ནས་ཉེན་ཡོད་མང་ཚོགས་ཁྲི་121.59གནས་སྤོ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།