མི་དམངས་དྲ་བ།

༄༅།།ཤང་ཀང་གི་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་
པེ་ཅིང་དུ་ཕྱིར་ལོག་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤང་ཀང་གི་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་ཏེ་ཚེས་1ཉིན་གྱི་ཉིན་གུང་ཤང་ཀང་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་ཕྱིར་ལོག་ཕེབས་པ་རེད།
          ཞི་ཅིན་ཕིང་ཟླ་6ཚེས་29ཉིན་གྱི་ཉིན་གུང་ཤང་ཀང་དུ་ཕེབས་འབྱོར་ཟིན་པ་དང་། ཤང་ཀང་དུ་བཞུགས་རིང་ཞི་ཅིན་ཕིང་གིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་ལྔ་པའི་འགན་བཞེས་མཛད་སྒོ་དང་དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུའི་མཚན་སྟོན་དང་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ནང་ཞུགས་པ་རེད། ཏུང་ཅན་ཧྭ་དང་། ལེའང་ཀྲེན་དབྱིང་། ལིན་ཀྲེན་གཡོད་ཨེ་བཅས་དང་དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་སྒྲིག་གཞིའི་འགན་ཁུར་བ་དང་ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དང་སོ་སོར་མཇལ་འཕྲད་གནང་བ་རེད། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་གཞི་དང་ཀྲུང་གོའི་མ་རྩ་བཏང་བའི་སྒྲིག་གཞི་གཙོ་བོའི་འགན་ཁུར་བར་གཟིགས་པ་དང་། ཤང་ཀང་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བ་རེད། ཤང་ཀང་གི་རིག་གནས་འཛུགས་སྐྱོང་དང་། གཞོན་ནུ་ལོ་ཆུང་གི་སློབ་གསོ། ལས་གྲྭ་དང་རྣམ་གྲངས་གལ་ཆེན་བཅས་ལ་རྟོག་ཞིབ་གནང་བ་རེད། ཤང་ཀང་གི་ལས་རིགས་ཁག་དང་རྒྱ་ཁྱབ་ངང་ཐུག་འཕྲད་དང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་རྟེན་འབྲེལ་མཛད་སྒོར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་དང་མཇལ་འཕྲད་གནང་བ་རེད།