འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།"ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ"ཡི་གྲུབ་འབྲས་འགྲེམས་སྟོན་
    གྱིས་མང་ཚོགས་ཀྱི་མིག་དབང་འཕྲོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ'ཡི་གྲུབ་འབྲས་འགྲེམས་སྟོན་
གྱིས་མང་ཚོགས་ཀྱི་མིག་དབང་འཕྲོག་པ།
          མི་དམངས་དྲ་བའི་འཕྲིན། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་ཆེད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་"ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ་སྟེ། བློ་སེམས་གཅིག་ཏུ་སྒྲིལ་ནས་མདུན་ལམ་བཏོད། གོ་སྐབས་གསར་པ་དམ་འཛིན་བྱེད་པར་བརྩོན་"ཞེས་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
            ཐེངས་འདིའི་འགྲེམས་སྟོན་ནི་ཟླ་6ཚེས་27ཉིན་ནས་ཟླ་7ཚེས་16ཉིན་བར་སྤེལ་རྒྱུ་ཡིན་ཞིང་། བརྗོད་དོན་དུ"བློ་སེམས་གཅིག་སྒྲིལ་མདུན་ལམ་བཏོད། གོ་སྐབས་གསར་པ་དམ་འཛིན་བྱེད"ཅེས་པ་དེ་ལ། ཁྱོན་བསྡོམས་"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་"ཞེས་པ་དང་། "ཞང་ཀང་གི་ཉེ་དུས་གནས་ཚུལ་རགས་བཀོད"ཅེས་པ། "མཉམ་དུ་གོ་སྐབས་དམ་འཛིན་བྱེད"ཅེས་པ། "མཉམ་དུ་ཉོ་འཚོང་རྒྱ་སྐྱེད་བྱེད"ཅེས་པ། "མཉམ་དུ་རྙིང་གཏོར་གསར་འཛུགས་བྱེད"ཅེས་པ། "མཉམ་དུ་ལག་གདང་སྦྲེལ་ཏེ་ཉམས་སུ་མྱོང"ཞེས་པ། "མཉམ་དུ་བློ་སེམས་གཅིག་ཏུ་སྒྲིལ"ཞེས་པ། "མཉམ་དུ་སྟོབས་ཤུགས་གཅིག་ཏུ་སྒྲིལ"ཞེས་པ། "མཉམ་དུ་བྱིས་གསོ་ཤུལ་འཛིན་བྱེད"ཅེས་པ། དེ་ཙམ་མ་ཟད"མཇུག་བསྡུའི་གཏམ"ཞེས་པ་བཅས་ཀྱི་འགྲེམས་སྟོན་ཁུལ་བཅུ་ལས། འགྲེམས་དངོས་40ལྷག་ཙམ་དང་། པར་རིས་230ལྷག་ཙམ། གཞན་ཡང་སྨྱན་སྦྱོར་སྤེལ་རེས་ཀྱི་ནང་དོན་སོགས་ཀྱིས་ཕྱོགས་ཡོངས་ནས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ་དང་། ལྷག་པར་དུ་ཉེ་བའི་ལོ་5ཡི་རིང་ལ། ལས་རིགས་ཁག་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་བླངས་ཚུལ་ངོམས་སྟོན་བྱས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།'ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ'ཡི་གྲུབ་འབྲས་འགྲེམས་སྟོན་
གྱིས་མང་ཚོགས་ཀྱི་མིག་དབང་འཕྲོག་པ།
      

    ཕྱོགས་བསྡུས་གསར་འགྱུར།