འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐད་ཞབས་ཞུ་བ་ཡོད་པས་མཚོ་ལྷོ་ཁུལ་གྱི་འབྲོག་པས་གློག་རིན་སྐྱེལ་བར་སྟབས་བདེ་
    བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “དེ་སྔོན་སྐད་བརྡ་མ་འཕྲོད་པས་གློག་རིན་སྐྱེལ་སྐབས་མི་གཞན་ལ་རོགས་པ་བྱེད་རོགས་ཞེས་བརྗོད་དགོས་ཀྱི་ཡོད། ད་ཆ་ལས་གཉེར་ཁང་དུ་བོད་སྐད་ཞབས་ཞུ་བ་ཆེད་མངགས་བཀོད་སྒྲིག་བྱས་ཡོད་པས་ང་ཚོར་སྟབས་ཧ་ཅང་བདེ་པོ་འདུག”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཞི་ཐའེ་གྲོང་ཚོ་ནས་ཡིན་པའི་གྲོང་མི་བསོད་ནམས་རྒྱལ་གྱིས་རྒྱ་སྐད་དེ་ཙམ་བདེ་པོ་མེད་པའི་ངང་རྒྱལ་ཁབ་གློག་དྲ་མཚོ་ལྷོ་གློག་གཏོང་ཀུང་སིའི་བོད་སྐད་ཞབས་ཞུ་བའི་བྱེད་སྟངས་ལ་བསྔགས་བརྗོད་བྱས།
         རྒྱལ་ཁབ་གློག་དྲ་མཚོ་ལྷོ་གློག་གཏོང་ཀུང་སིའི་ལས་གཉེར་བྱེད་ཁྱོན་གྱི་95%བོད་རིགས་ས་ཁུལ་ལ་ཡོད་པ་དང་བོད་རིགས་མི་འབོར་ཁྲི་29.8%ཟིན་པ་དེས་ཁུལ་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་69%ཡན་ཟིན་གྱི་ཡོད། བོད་རིགས་སྤུན་ཟླ་མང་པོས་རྒྱ་སྐད་མི་ཤེས་སྟབས་གློག་གཏོང་ཞབས་ཞུར་འགལ་རྐྱེན་མང་པོ་འཕྲད་ཡོད། འོན་ཀྱང་འཛད་སྤྱོད་པའི་དགོས་འདུན་མི་འདྲ་བ་བསྐངས་ནས་བོད་རིགས་ས་ཁུལ་གྱི་འཛད་སྤྱོད་པར་སྔར་བས་སྟབས་བདེ་ཡོང་བ་དང་གློག་གཏོང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར་རྒྱལ་ཁབ་གློག་དྲ་མཚོ་ལྷོ་གློག་གཏོང་ཀུང་སིས“བོད་སྐད་ཞབས་ཞུའི”ཁྱད་ཆོས་ལྡན་པ་བྱས་པ་སྟེ། ཁོངས་གཏོགས་ཁུལ་གྱི་ལས་གཉེར་ཁང་དུ་བོད་སྐད་ཤེས་པའི་ལས་དོན་པ་བཀོད་སྒྲིག་བྱས་ནས་རྒྱ་སྐད་མི་ཤེས་མཁན་གྱི་བོད་རིགས་འཛད་སྤྱོད་པར་གློག་རིན་སྲིད་ཇུས་དང་། གྲོན་བསྡུའི་ཚད་གཞི་སོགས་ཀྱི་ལས་སྒོའི་སྐོར་འགྲེལ་བཤད་བརྒྱབ་པས། སྐད་བརྡ་མི་འཕྲོད་པའི་དབང་གིས་གློག་གཏོང་ཞབས་ཞུ་བསྒྲུབ་པར་དཀའ་ངལ་འཕྲད་པའི་གནས་སྟངས་འགྱུར་ལྡོག་བཏང་ནས་འབྲོག་ཁུལ་མང་ཚོགས་ལ་གློག་གཏོང་ཞབས་ཞུ་སྔར་བས་སྟབས་བདེ་དང་མགྱོགས་པོ་བྱུང་སྟེ་བོད་རྒྱ་སྐད་གཉིས་ཞབས་ཞུའི“འབྲེལ་ཟམ”ཞིག་སྐྲུན་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།