འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎ཚན་རིག་ཞིབ་འཇུག་ཁྲོད་ཀྱི་མིང་མེད་དཔའ་བོར་གུས་འདུད་ཞུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 16:53】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཚན་རིག་ཞིབ་འཇུག་ཁྲོད་ཀྱི་མིང་མེད་དཔའ་བོར་གུས་འདུད་ཞུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན་གྱི་ནམ་གུང་གི་ཆུ་ཚོད་12:05ཡི་སྟེང་། ཀྲུང་གོའི་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་སློབ་མ་འབུམ་རམས་པ་ཞུས་ཐེང་(许腾)བོད་ལྗོངས་ཀྱི་ཆེས་ཆེ་བའི་མཚེའུ་གསེར་གླིང་མཚོ་ཡི་ལྷོ་ཕྱོགས་སུ་མཚེའུ་སྟེང་ཆུ་ཚོད་15རིང་དུ་ཆུ་ཐོག་གཡེང་བྱས་རྗེས། མཚེའུ་ཡི་འགྲམ་དུ་སླེབས་མ་ཐག་པའི་འགྱིག་གྲུ་ལས་བབ་པ་དང་། མཚེའུ་ངོགས་སུ་སེམས་འཚབ་ངང་ཡུན་རིང་སྒུག་པའི་ཚན་ཞིབ་རུ་མི་ཚོའི་སེམས་ཀྱང་བདེ་བར་གྱུར་བ་རེད། ཞུས་ཐེང་དང་མཉམ་དུ་བསྐྱོད་པའི་རུ་མི་བཅུ་ལྷག་ནི་མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཙང་པོ་དང་མཚེའི་ཁུངས་མཚེའུ། ཆུ་གནས་འགྱུར་ཚུལ་དང་གནམ་གཤིས་རྟོག་ཞིབ་རུ་ཁག་གི་རུ་མི་ཡིན་ཞིང་། ཚེས་20ཉིན་གྱི་ཕྱི་དྲོར། ཁོ་ཚོས་མཚེའུ་འགྲམ་གྱི་སྒར་ས་དང་བར་ཐག་སྤྱི་ལེ་25ཡོད་སའི་མཚེའུ་ངོགས་ཀྱི་ལས་སྒྲུབ་སྟེགས་བུར་ཚན་རིག་ཞིབ་འཇུག་གི་ལས་ཀ་བྱེད་དུས། མཚེའུ་ཡི་ངོགས་སུ་གློ་བུར་དུ་རླུང་འཚུབ་བརྒྱབ་ཡོང་ནས་སྨི་གཉིས་གསུམ་ཅན་གྱི་རླབས་འཕྱུར་བ་དང་། རླུང་དང་རླབས་ཆེན་པོའི་རྐྱེན་གྱིས་ཚན་ཞིབ་ལས་སྒྲུབ་གྲུ་ཆུང་གསུམ་པོ་རྒྱུན་ལྡན་ངང་ཕྱིར་ལོག་ཐབས་མེད་པར་བཟོས་པ་རེད། ཞུས་ཐེང་གིས་དབུགས་རིང་གཏོང་བཞིན་ཚན་རིག་ཞིབ་འཇུག་བྱེད་དུས། དུས་ཚོད་བཀོད་སྒྲིག་ནང་བཞིན་འགྲུབ་དཀའ་བར་བཤད།  བསམ་ཡུལ་ལས་འདས་པའི་དོན་རྐྱེན་ནི་ཐོག་མཐའ་བར་གསུམ་དུ་ཚན་ཞིབ་ལས་དོན་གྱི་གྲུབ་ཆ་ཡིན་པ་དང་། རླབས་ཆེ་བའི་ཚན་རིག་གི་ཐོལ་བརྒལ་ནི་ཚན་རིག་གི་ལོ་རྒྱུས་སྟེང་སྙན་གྲགས་ཁྱབ་མེད་པའི་ཚན་ཞིབ་ལས་སྒྲུབ་པ་ཚོས་སྔོན་འགྱེལ་རྗེས་མཐུད་དང་ཁུ་སིམ་མེར་ཞབས་འདེགས་ཞུ་བ། ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ཀྱི་ལས་སྒྲུབ་གསོག་འཇོག་བྱས་པ་ལས་ངོ་བོའི་འགྱུར་ལྡོག་འབྱུང་གི་ཡོད་པ་རེད།
    ༄༅༎ཚན་རིག་ཞིབ་འཇུག་ཁྲོད་ཀྱི་མིང་མེད་དཔའ་བོར་གུས་འདུད་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།