འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་20པ་མཇུག་བསྒྲིལ་ཞིང་ཧོང་པའོ་ལ་སྐྱེས་པའི་
    འཁྲབ་སྟོན་པ་བཟང་ཤོས་ཀྱི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཧོང་པའོ་ལ'སྐྱེས་པའི་འཁྲབ་སྟོན་པ་ཡག་ཤོས'ཀྱི་བྱ་དགའ་ཐོབ་པ།
    ཧོང་པའོ་ལ"སྐྱེས་པའི་འཁྲབ་སྟོན་པ་ཡག་ཤོས"ཀྱི་བྱ་དགའ་ཐོབ་པ།
            མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན་གྱི་དགོང་མོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་20པའི་གསེར་གྱི་རྗེ་སིའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཧྲང་ཧའེ་ཟློས་གར་ཁང་ཆེ་མོར་སྤེལ་བ་རེད།
           ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་གློག་བརྙན་《Pauwi na》ལ་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། དཔྱད་འདེམས་ཨུ་ལྷན་གྱིས་གློག་བརྙན་འདིའི་ནང་གི་གཏམ་རྒྱུད་ལ"མི་ཆོས་རིང་ལུགས་དང་སྤྱི་ལ་ཁྱབ་པའི་རང་བཞིན། ད་དུང་བབ་ཆགས་ལ་གོ་སླ་བ་ཞིག་རེད"ཅེས་དཔྱད་གཏམ་གནང་ཡོད་པ་རེད། དབྱི་རན་རྒྱལ་ཁབ་ཀྱི་གློག་བརྙན་《Yellow》ཞེས་པར"དཔྱད་འདེམས་ཨུ་ལྷན་གྱི་བྱ་དགའ"ཐོབ་པ་རེད།
          རང་ས་གནས་ཀྱི་གློག་བརྙན་《The Conformist》ཞེས་པའི་ནང་གི་ཕུལ་བྱུང་འཁྲབ་སྟོན་ལ་གཞིགས་ནས། ཧོང་པའོ་ལ"སྐྱེས་པའི་འཁྲབ་སྟོན་པ་ཡག་ཤོས"ཀྱི་བྱ་དགའ་ཐོབ་པ་དང་། དབྱི་རན་གྱི་བུད་མེད་འཁྲབ་སྟོན་པ་Sareh Bayatཡིས་གློག་བརྙན་《Yellow》ཞེས་པའི་ནང་གི་ཕུལ་བྱུང་འཁྲབ་སྟོན་བྱས་པར་གཞིགས་ནས"སྐྱེས་མའི་འཁྲབ་སྟོན་པ་ཡག་ཤོས"ཀྱི་བྱ་དགའ་ཐོབ་པ་རེད། 
         ཕོ་ལན་རྒྱལ་ཁབ་ཀྱི་འཁྲབ་ཁྲིད་པ་Maciej Pieprzycaཡི་བརྩམས་ཆོས་《SPLINTERS》ཞེས་པ་ནི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་12པའི་གསེར་གྱི་རྗེ་སིའི་བྱ་དགའ་བརྩོན་ལེན་བྱེད་པར་ཞུགས་པའི་གློག་བརྙན་གྱི་གྲས་ཤིག་ཡིན་པ་རེད། Maciej Pieprzycaཡིས་《I AM A KILLER》ཞེས་པའི་གློག་བརྙན་ལ་བརྟེན་ཏེ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་20པའི་ཐོག་ནས"འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ"བླངས་པ་རེད། བྱ་དགའ་བླངས་རྗེས། Pieprzycaཡིས་འདི་ནི་ཁོང་གི་མི་ཚེའི་ཁྲོད་ཀྱི་ཆེས་བདེ་སྐྱིད་ཀྱི་ཉིན་མོ་ཞིག་ཡིན་ལ། དེ་རིང་ནི་ཁོང་གི་བུ་མོ་ལོ་གསུམ་ལ་སོན་པའི་སྐྱེས་སྐར་ཡང་ཡིན་ཞེས་བསྟན་པ་རེད།
          རྣམ་གྲངས་གཞན་གྱི་བྱ་དགའ་དག་ནི་ཨུ་རུ་སུ་དང་། ལི་ཐུ་ཝན། མ་ཆི་ཏུན་བཅས་ཀྱིས་མཉམ་དུ་ཕབ་པའི་གློག་བརྙན་《KHARMS》ལ"བརྙན་ལེན་ཡག་ཤོས"ཀྱི་བྱ་དགའ་ཐོབ་པ་དང་མཉམ་དུ་འཁྲབ་གཞུང་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་རེད། རོ་མ་ནི་ཡ་རྒྱལ་ཁབ་ཀྱི་གློག་བརྙན་《SCURTCIRCUIT》ཞེས་པར"སྒྱུ་རྩལ་ལེགས་སྐྱེས་བྱ་དགའ"ཐོབ་པ་རེད།
          དབྱིན་ཇི་དང་ཕོ་ལན་གཉིས་ཀྱིས་མཉམ་དུ་ཕབ་པའི་《Loving Vincent》གློག་བརྙན་ལ"འགུལ་རིས་གློག་བརྙན་ཡག་ཤོས"ཀྱི་བྱ་དགའ་ཐོབ་ཅིང་། དཔྱད་འདེམས་ཨུ་ལྷན་གྱིས"འདི་ནི་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་དང་མི་ཚེའི་ལེགས་སྐྱེས་སུ་ཕུལ་བའི་རྨད་བྱུང་བརྩམས་ཆོས་ཤིག་རེད"ཅེས་དཔྱད་གཏམ་སྤེལ་ཡོད་པ་རེད། འཇར་མན་རྒྱལ་ཁབ་ཀྱི་གློག་བརྙན་《When Paul came over the Sea》ཞེས་པར"དངོས་བཤུས་གློག་བརྙན་ཡག་ཤོས"ཀྱི་བྱ་དགའ་ཐོབ་པ་རེད།
          ཀྲུང་གོའི་རྒྱལ་སྤྱིའི་Aརིམ་པའི་གློག་བརྙན་དུས་ཆེན་ཐོག་མ་འདི་ནི་1993ལོའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་གསར་དུ་བཙུགས་པ་ཡིན་ལ། ད་ཐེངས་ཀྱི་གློག་བརྙན་དུས་ཆེན་རིང་། ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་498གཟིགས་འབུལ་གནང་ཡོད་ལ། གཟིགས་མོ་བ་མི་ཐེངས་ཁྲི་42ལྷག་ལས་བརྒལ་ཡོད་པ་རེད།
    【1】  【2】  【3】
    Maciej Pieprzycaཡིས་གློག་བརྙན་《I AM A KILLER》ལ་བརྟེན་ནས'འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ'བླངས་པ།
    Maciej Pieprzycaཡིས་གློག་བརྙན་《I AM A KILLER》ལ་བརྟེན་ནས"འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ"བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།