འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎ཧྥི་ལི་ཕིན་སྲིད་གཞུང་གིས་མ་ལཱ་ཝེ་འཐབ་འཁྲུག་ཁུལ་དུ་ཆུ་ཚོད་8རིང"མི་ཆོས་རིང་ལུགས་ཀྱི་
    འཐབ་མཚམས"བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཧྥི་ལི་ཕིན་སྲིད་གཞུང་གིས་མ་ལཱ་ཝེ་འཐབ་འཁྲུག་ཁུལ་དུ་ཆུ་ཚོད་8རིང'མི་ཆོས་རིང་ལུགས་ཀྱི་
འཐབ་མཚམས'བཞག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་སྲིད་གཞུང་དམག་གིས་ནུབ་རྒྱུད་ཀྱི་གྲོང་ཁྱེར་མ་ལཱ་ཝེ་རུ་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་གཙང་བཅོམ་བྱེད་མཚམས་ཆུ་ཚོད་8རིང་ལ་བཞག་ནས་སྨྱུང་གྲོལ་དུས་ཆེན་བསུས་པ་རེད།
         བཀོད་སྒྲིག་ལྟར་ན། འཐབ་འཁྲུག་མཚམས་འཇོག་ནི་ཉིན་དེའི་ཆུ་ཚོད་6:00ནས་14:00བར་ཡིན་པ་རེད། ཧྥི་ལི་ཕིན་དམག་ཕྱོགས་ཀྱི་ཞི་མེན་ལན་དམག་ཁུལ་རྙིང་པའི་དམག་སྤྱི་ཅ་ཨར་ཝེ་སི་ཡིས་ད་ཐེངས། སྲིད་གཞུང་དམག་གིས་རང་ཕྱོགས་ནས་ལག་བསྟར་བྱས་པའི་འཐབ་འཁྲུག་མཚམས་བཞག་པ་ནི"མི་ཆོས་རིང་ལུགས་ཀྱི་འཐབ་འཁྲུག་མཚམས་འཇོག"ཅིག་ཡིན་ལ། དེ་ལས"ང་ཚོས་ཁ་ཆེ་ཆོས་ལུགས་ཀྱི་དུས་ཆེན་ལ་བརྩི་འཇོག་བྱས་པ"བསྟན་ཡོད་ཅེས་བརྗོད།
         ཅ་ཨར་ཝེ་སིས་འཐབ་འཁྲུག་མཚམས་བཞག་པའི་རིང་ལ་ཡོད་ཚད་ཞི་འཇགས་ཡིན་ལ། ཕྱོགས་གཉིས་ཀས་འཐབ་རེས་མ་བྱས་པར་བསྟན། ཆུ་ཚོད་14:00ཐོག་འཐབ་འཁྲུག་མཚམས་འཇོག་གི་དུས་ཡུན་མཇུག་སྒྲིལ་རྗེས། བར་འདུམ་མི་སྣས་གྲོང་ཁྱེར་ནང་མི་གཏའ་ལྔ་སྐྱབས་པ་དང་། ཆུ་ཚོད་15:00ཡས་མས་སུ་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་ཀྱིས་སྔོན་ལ་འཐབ་པ་དང་སྲིད་གཞུང་དམག་གིས་ཀྱང་ཡ་ལན་སྤྲད་པ་རེད།
         ད་ལོའི་ཟླ་5ཚེས་23ཉིན། ཧྥི་ལི་ཕིན་དམག་ཕྱོགས་ཀྱིས་མ་ལཱ་ཝེ་གྲོང་ཁྱེར་དུ་སྲིད་གཞུང་ལ་རྒོལ་བའི་དྲག་ཆས"མུའུ་ཐི་རྩ་འཛུགས"དང་ཨ་པུའུ་ཧྲ་ཡེ་ཧྥུའུ་སྔོག་འཛིན་བྱས་པ་ནས་བཟུང་། ཕྱོགས་གཉིས་ཀས་ད་བར་དུ་འཐབ་འཁྲུག་བྱས་པ་དང་། དྲག་ཆས་མི་སྣ་ཡིས་མིག་སྔར་མ་ལཱ་ཝེ་གྲོང་ཁྱེར་གྱི་ས་རྒྱ་ཆུང་ངུ་ཞིག་ཚོད་འཛིན་བྱས་ཡོད་པ་རེད།
         ཅ་ཨར་ཝེ་སིས། སྐུད་ལམ་གྱི་གནས་འཕྲིན་ལྟར་ན། མིག་སྔར་མ་ལཱ་ཝེ་རུ་ད་དུང་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་རུ་མི་150ཡས་མས་ཞིག་ཡོད་པ་དང་། མི་སེར་100ལྷག་ཙམ་དྲག་ཆས་རུ་མིས་མི་གཏའ་རུ་བཟུང་ཡོད་ལ། དེའི་ནང་བྱིས་པ་དང་རྒན་རྒོན་ཡང་འདུས་ཟེར།
         ཧྥི་ལི་ཕིན་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། འཐབ་འཁྲུག་བྱས་པའི་ཟླ་གཅིག་རིང་། མི་375གྲོངས་འདུག་ལ། དེའི་ནང་སྲིད་གཞུང་གི་དམག་དང་ཉེན་རྟོག་པ་69 དྲག་ཆས་མི་སྣ་280 མི་སེར་26བཅས་འདུས་པ་དང་། འཐབ་འཁྲུག་གི་རྐྱེན་པས་མ་ལཱ་ཝེ་ས་ཁུལ་གྱི་མི་སེར་ཁྲི་30ལྷག་ཙམ་ཡུལ་གྱར་བར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།