འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཱ་ཁོ་པོ་ལུའོ་ནི་བོད་འདི་ཉིད་ཀྲུང་གོའི་ཁོངས་སུ་གཏོགས་པ་ཟིན་ཐོ་འགོད་མཁན་ནུབ་ཕྱོགས་
    པ་དང་པོ་དེ་ཡིན་ཞེས་ཀྲུང་གོའི་མཁས་དབང་གིས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན་དང་ཀྲུང་གོའི་མིའི་རིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་ཧོའོ་ཧྲེ་ཡོན་གྱིས་དུས་རབས་བཅུ་གསུམ་པར་ཀྲུང་གོར་ཡུལ་སྐོར་ལོ་17བྱེད་མྱོང་བའི་དབྱི་ཐ་ལི་བ་མཱ་ཁོ་པོ་ལུའོ་ནི་བོད་འདི་ཉིད་ཀྲུང་གོའི་ཁོངས་སུ་གཏོགས་པ་ཟིན་ཐོ་འགོད་མཁན་ནུབ་ཕྱོགས་པ་དང་པོ་དེ་རེད་ཅེས་གསུངས་པ་རེད།
            སི་ཕེན་དུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་དེ་ཉིན་མ་ཏེ་རིའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་མཉམ་དུ་《བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་བྱེད་པ་》ཅེས་པའི་འཆད་ཁྲིད་གཙོ་གཉེར་བྱས་ཤིང་། ཧའོ་ཧྲེ་ཡོན་གྱིས་《བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་》ཞེས་པའི་བརྗོད་དོན་གཙོ་བོའི་འཆད་ཁྲིད་བྱེད་སྐབས་མཱ་ཁོ་པོ་ལུའོ་ཡིས་ཁོང་གི་གྲགས་ཅན་གསུང་རྩོམ་《མཱ་ཁོ་པོ་ལུའོ་ཡི་གནས་སྐོར་ཟིན་ཐོ་》ཞེས་པའི་ནང“བོད་ལྗོངས་ས་ཁུལ་ནི་ཀྲོའུ་ཆེན་པོ་ཞིག་ཡིན་པ་དང་རང་ཉིད་ཀྱི་སྐད་ཡིག་དང་དད་པ་བྱ་ཡུལ་ཡོད་མོད། འོན་ཀྱང་བྱ་བ་ཚང་མ་ཡོན་རྒྱལ་རབས་ཀྱི་གོང་མའི་དོ་དམ་གྱི་ཁོངས་སུ་གཏོགས་ཡོད”ཅེས་བཀོད་ཡོད་ཅེས་གསུངས།
           ཧའོ་ཧྲེ་ཡོན་གྱིས་ནུབ་ཕྱོགས་པས་བརྗོད་པ་ཇི་བཞིན་1959ལོའི་གོང་གི་བོད་ལྗོངས་ངོ་སྤྲོད་གནང་ཞིང་། ཁོང་གིས་དུས་རབས་18པ་ནས་འགོ་བཙུགས་ཏེ་ནུབ་ཕྱོགས་པ་མང་པོ་ཞིག་གིས་ཀྲུང་གོའི་བོད་ཀྱི་སྐོར་བརྗོད་མྱོང་ཡོད། 1783ལོར་ཤར་རྒྱ་གར་ཀུང་སིའི་སེ་མེའུ·འོར་ཐེ་ན་གཞིས་རྩེར་འབྱོར་བ་དང་ཁོང་གིས“བོད་ཀྱིས་ཡུལ་སྐོར་བར་བཞག་པའི་ཐོག་མའི་བག་ཆགས་དེ་ནི་གནམ་འོག་གི་ཆ་རྐྱེན་ཞན་ཤོས་ཀྱི་ས་ཆ་ཡིན་པ་དང་རིག་གནས་ཀྱི་ནུས་མེད་མངོན་པ་དེ་ཡིན”ཞེས་བྲིས་ཡོད།
            1904ལོར་དབྱིན་དམག་གིས་བོད་དུ་བཙན་འཛུལ་བྱེད་སྐབས་མཉམ་དུ་བསྐྱོད་མཁན་གསར་འགོད་པ་ཨེ་ཏེ་མོང·ཆན་ཏེ་ལེས་བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་དེ་ཡོ་རོབ་ཀྱི་དུས་རབས་དཀྱིལ་མའི་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ལྟར་ཡིན་ཞེས་བསྟན་ཡོད། ཆན་ཏེ་ལེས་《བོད་ངོ་མ་》ཞེས་པའི་དེབ་ནང“ཆོས་ལུགས་ཀྱི་གཙོ་འཛིན་སྡོད་ས་དང་སངས་རྒྱས་ཀྱི་སྤྲུལ་པའི་ཕོ་བྲང་པོ་ཏ་ལ་ནི་ཡོ་རོབ་ཀྱི་ཁྲག་གི་བུ་ལོན་མང་ཤོས་ཀྱི་དུས་རབས་དཀྱིལ་མའི་མཁར་རྫོང་དང་བསྡུར་ན་དེས་མི་གསོད་ཀྱི་ངང་ཚུལ་དང་མིར་ངན་སྐུལ་བྱས་ནས་ཉེས་པ་གསོག་པའི་ངང་ཚུལ་མཐོང་མཁན་མང་ཤོས་དེ་རེད། བླ་མ་ནི་རྒྱལ་པོ་དང་ཞིང་པ་ནི་བྲན་གཡོག་ཡིན”ཞེས་བྲིས་ཡོད།
           ཧའོ་ཧྲེ་ཡོན་གྱིས་2016ལོར་བོད་ལ་མཐོ་རིམ་སློབ་གླིང་དང་སློབ་གྲྭ་དཀྱུས་མ་6དང་། སློབ་འབྲིང་127 སློབ་ཆུང་826 སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་50ལྷག་ཙམ་བཅས་ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་98.9%ཟིན་པ་དང་གཞོན་ནུ་དང་དར་མ་ཡིག་རྨོངས་བ་1.2%བར་ཆག་ཡོད། 2016ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%འཕར་ནས་མི་དམངས་ཤོག་སྒོར་27875ཟིན་པ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%འཕར་ནས་མི་དམངས་ཤོག་སྒོར་9316ཟིན་ཡོད་ཅེས་གསུངས་པ་རེད།
          ཧའོ་ཧྲེ་ཡོན་གྱིས་བོད་འཕེལ་རྒྱས་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་ཞིང་། བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་དེ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་ས་ཁུལ་དུ་ལག་ལེན་བྱུང་ཡོད། ལག་ལེན་དེར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མེད་པ་དང་ཀྲུང་གོའི་དེང་རབས་ཅན་གྱི་ལམ་བུའི་ཐོག་གི་ཆེས་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་གྲས་ཤིག་རེད་ལ། མིའི་རིགས་ཀྱིས་ས་མཐོའི་དེང་རབས་ཅན་གཏོད་པའི“ཀྲུང་གོའི་ལག་ལེན”ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།