འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་བསྟན་དོན་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་གསར་དུ་བསྐོ་གཞག་བྱས་པའི་
    རྒྱལ་རྒྱུད་འཛིན་མཁན་ལ་རྟེན་འབྲེལ་ཞུས་པ་ཡིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་རྒྱུད་འཛིན་མཁན་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ། སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་ཀྲུང་སོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
         ཚེས་21ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་གྱིས་བཀའ་རྒྱ་བཏང་ནས་དེ་གོང་རྒྱལ་རྒྱུད་འཛིན་མཁན་ཡིན་པའི་མོ་ཧན་མོ་ཏེ·པེན·སཱ་ལེ་མན་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཞོན་པ་གཅིག་ལྕོགས་སུ་བསྐོ་གཞག་བྱས་པ་རེད།
          ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་བརྟན་ལྷིང་དང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པ་ནི་ས་ཁུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་དང་སོ་ཏི་ཨ་རབ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་སོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།