འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་འཛམ་གླིང་དམག་ཆེན་དང་པོའི་ཕྱིར་
    སྡོད་ཀྲུང་གོའི་ལས་བཟོར་དྲན་གསོ་ཞུ་བའི་བརྐོས་བརྙན་བཞེངས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ཀུང་ཚན་ཁྲེན་ཏུང་གིས་ཚེས་20ཉིན་གྲོང་ཁྱེར་པུ་རུ་སེར་དུ། ཕྱིར་སྡོད་ཀྲུང་གོའི་ལས་བཟོས་འཛམ་གླིང་དམག་ཆེན་དང་པོའི་ཁྲོད་ཕུལ་བའི་ལེགས་སྐྱེས་དྲན་གསོ་བྱེད་ཆེད། པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་པེར་ཀྲེམ་པོ་ཕོ་ལིང་ཨོ་གྲོང་ཁྱེར་དུ་ཕྱིར་སྡོད་ཀྲུང་གོའི་ལས་བཟོར་དྲན་གསོ་ཞུ་བའི་བརྐོས་བརྙན་ཚོམ་བུ་བཞེངས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
          ཁྲེན་ཏུང་གིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་བརྐོས་བརྙན་བཞེངས་བའི་མཛད་སྒོ་ཟླ་11ཚེས་15ཉིན་ཏེ“པུའུ་སི་པུན་གྲོང་ཚོར་འབར་མདེལ་དབྱུག་པར”དྲན་གསོ་ཞུ་བའི་ཉིན་མོར་འཚོག་རྒྱུ་ཡིན་ཞེས་བརྗོད་པ་རེད།
         “པུའུ་སི་པུན་གྲོང་ཚོར་འབར་མདེལ་དབྱུག་ནས”ལོ་100འཁོར་བར་དྲན་གསོ་ཞུ་ཆེད། པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ད་དུང་པོ་ཕོ་ལིང་ཨོ་གྲོང་ཁྱེར་དང་མཉམ་དུ་ཟླ་9ཚེས་3ཉིན་ཕྱིར་སྡོད་ཀྲུང་གོའི་ལས་བཟོར་དྲན་གསོ་ཞུ་བའི་བཟོ་བཀོད་སྐྲུན་པ་དང་། འཛམ་གླིང་དམག་ཆེན་དང་པོའི་པར་རིས་འགྲེམས་སྟོན་བྱེད་པ། “ཀྲུང་གོའི་རིག་གནས་ཉིན་མོ”གཉེར་བ་སོགས“ཕྱིར་སྡོད་ཀྲུང་གོའི་ལས་བཟོ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།
         པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཆུས་ཤིན་གྱིས། 1916ནས་1918ལོའི་བར་ཀྲུང་གོའི་ལས་བཟོ་ཁྲི་14ཙམ་ཡོ་རོབ་ཏུ་བསྐྱོད་དེ་ངལ་རྩོལ་པ་ཧ་ཅང་དཀོན་པའི་གྲོས་ཆིངས་རྒྱལ་ཁབ་ཁག་གི་དམག་དཔུང་ལ་འཐབ་སའི་རྒྱབ་ཕྱོགས་ཞབས་ཞུ་མཁོ་འདོན་བྱས་ཤིང་། 1917ལོའི་ཟླ་11ཚེས་15ཉིན་འཇར་མན་དམག་གིས་པོ་ཕོ་ལིང་ཨོ་གྲོང་ཁྱེར་པུའུ་སི་པུན་གྲོང་ཚོར་ཡོད་པའི་སྒར་ས་ཞིག་ལ་འབར་མདེལ་དབྱུག་ནས་དབྱིན་ཇིའི་དམག་དཔུང་ལ་རྒྱབ་ཕྱོགས་ཞབས་ཞུ་མཁོ་འདོན་བྱེད་མཁན་ཀྲུང་གོའི་ལས་བཟོ་13རྐྱེན་ལམ་དུ་ཤོར་བ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          ད་ཆ། པོ་ཕོ་ལིང་ཨོ་གྲོང་ཁྱེར་ལི་སེན་ཐུའོ་ཁེ་དམག་མིའི་སྤྱི་པའི་བང་སོ་ཁང་དུ་འཛམ་གླིང་དམག་ཆེན་དང་པོའི་སྐབས་གྲོངས་མཁན་ཁྲི་1.1གི་བང་སོ་ཡོད་པའི་ནང་དུ་ཐོབ་ཐང་གཏན་འཁེལ་བྱུང་བའི་ཕྱིར་སྡོད་ཀྲུང་གོའི་ལས་བཟོ་35ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།