འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁེ་ལས་ཀྱིས་དབྱིན་ཇིའི་མཁའ་འགྲུལ་གྱི་ལྷུ་ལག་ཆུང་གྲས་བཟོ་ཁང་ཉོ་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཁྲོམ་ཞུགས་ཀུང་སི་ཧྲའན་ཤིས་རྡོ་སྦྱངས་མདོག་ལྡན་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་སིས་ཉེ་དུས་གྲོང་ཁྱེར་ལོན་ཏོན་དུ་དབྱིན་སྒོར་དུང་ཕྱུར་3.26བཏང་ནས་དབྱིན་ཇིའི་མཁའ་འགྲུལ་གྱི་ལྷུ་ལག་ཆེ་ཆུང་བཟོ་ཁང་ཅ་ཏེ་ནེ་མཁའ་འགྲུལ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་ཉོ་སྒྲུབ་བྱས་པའི་ཁྱབ་བསྒྲགས་བྱས།
          ཅ་ཏེ་ནེ་ཀུང་སི་ནི་ཡོ་རོབ་ཀྱི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཀྱི་ལྷུ་ལག་ཆེ་ཆུང་ཐོན་སྐྱེད་དང་དེ་བཞིན་ལེ་ལག་གཅིག་སྡུད་ཀྱི་རྒྱལ་སྒྲོལ་ཁེ་ལས་ཆེ་གྲས་ཤིག་ཡིན་པ་དང་ལས་སྒོའི་ནང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཀྱི་ལྷུ་ལག་ཆུང་གྲས་བཟོ་བ་དང་། སྒྲིག་སྦྱོར། ཉམས་བཟོ་སོགས་ཚུད་ཡོད། ཀུང་སི་ནི་མཁའ་འགྲུལ་སོགས་ཁེ་ལས་ཀྱི་རིམ་པ་དང་པོའི་མཁོ་སྤྲོད་ཚོང་པ་ཡིན་པ་དང་དེའི་ཐོན་རྫས་མཁའ་འགྲུལ་གྱི་གནམ་གྲུའི་བཟོ་ལྟ་གཙོ་བོར་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད། ཀུང་སིའི་ནོར་སྲིད་སྙན་ཞུའི་ནང་མངོན་གསལ། ལོ་འཁོར་གྱི་ཕྱིར་ཚོང་དངུལ་གྲངས་དབྱིན་སྒོར་དུང་ཕྱུར་1.3ཟིན་པ་དང་ཁེ་སྤོགས་དབྱིན་སྒོར་ཁྲི་1500ཟིན་ཡོད་པ་རེད།
          དུས་འགོའི་ཕྱོགས་གསུམ་པའི་བརྟག་དཔྱད་དང་ཀུང་སིས་ཞིབ་དཔྱོད་ནན་ཏན་བྱས་པ་བརྒྱུད་2016ལོའི་ཟླ་11པར་རྡོ་སྦྱངས་མདོག་ལྡན་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་སིས་ཀུང་སི་དང་དེ་བཞིན་ཀུང་སིའི་ཤང་ཀང་གིས་མ་དངུལ་ཚང་མ་བཏང་བའི་ཡན་ལག་ཀུང་སིའི་རྡོ་སྦྱངས་མ་འཇོག་ཚད་ཡོད་ཀུང་སིས་ཅ་ཏེ་ནེ་མཁའ་འགྲུལ་གྱི་རྐང་དབང་100%ཚང་མ་ཉོ་སྒྲུབ་བྱས་ནས་ཕྱོགས་གཉིས་པོའི་དབར་《བསམ་ཤེས་དྲན་ཐོ་》སོགས་འབྲེལ་ཡོད་ཡིག་ཆར་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།