འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་སྤྱིའི་སིལ་ཚོང་གསར་གཏོད་དབུ་ཚོགས་ཐོག“རྒྱུད་གཅིག་ལམ་གཅིག”
    འཛུགས་སྐྲུན་བྱ་རྒྱུར་དམ་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་2017ལོའི་རྒྱལ་སྤྱིའི་སིལ་ཚོང་གསར་གཏོད་དབུ་ཚོགས་དང“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོ་དང་ཡོ་རོབ་ཚོང་ལས་མ་འཇོག་མཉམ་ལས་འཕེལ་རྒྱས་གླེང་སྟེགས་ཧྥ་རན་སེའི་ཕ་རི་སིར་གཉེར་བ་དང་ཐེངས་འདིའི་དབུ་ཚོགས་ཀྱིས་སྒོ་དབྱེ་དང་གསར་གཏོད་བརྗོད་དོན་གཙོ་བོར་བྱས་པ་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཉིས་ཁེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
          ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ནས་ཡོང་པའི་གྲགས་ཅན་རིགས་གཅིག་མཁས་ཅན་དང་ཁེ་ལས་ལས་རིགས་ཀྱི་མི་སྣས་ཕྱོགས་གཉིས་པོའི་སིལ་ཚོང་ཁེ་ལས་དབར་མཉམ་ལས་གཏིང་ཟབ་བྱེད་པར་ཆ་རྐྱེན་དང་ཚོང་ལས་གོ་སྐབས་བཟང་པོ་སྐྲུན་ཆེད་ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་ཀྲུང་གོ་དང་ཡོ་རོབ་ཀྱི་སིལ་ཚོང་ཐོན་ལས་ཀྱི་འཐབ་ཇུས་གྲོས་བསྡུར་བྱས་པ་རེད།
          ཀྲུང་གོའི་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཅང་མིང་གིས་ཚོགས་འདུའི་ཐོག“ཀྲུང་གོ་དང་ཡོ་རོབ་སིལ་ཚོང་ཐོན་ལས་དབར་མཉམ་ལས་བྱེད་ཚད་དེ་ཙམ་གྱིས་རྒྱ་ཆེ་བ་དང་གཏིང་ཟབ་པོ་མེད་པས་སྔོག་འདོན་དང་བེད་སྤྱོད་ཐུབ་པའི་མངོན་མེད་སྟོབས་ཤུགས་དང་བར་མཐོངས་ད་དུང་ཆེན་པོ་ཡོད”ཅེས་བརྗོད།
          ཀྲུང་གོའི་ཐོན་ལས་ཕྱི་རྒྱལ་དུ་འཕེལ་རྒྱས་གཏོང་བའི་མཐུན་ཚོགས་ཀྱི་དྲུང་ཆེ་ཧོ་ཀྲེན་ཝེས་ཀྱང་ཀྲུང་གོ་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྦྲགས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཡང་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་ཟོག་འགྲེམས་བྱེད་པ་ལས་མི་སྣ་འགྲོ་འོང་བྱ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་མ་ཟད་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའང་དེ་བས་ཟབ་ཏུ་འགྲོ་སྲིད་ཅེས་བརྗོད།
          ཧྥ་རན་སེའི་ཚོང་དོན་མ་འཇོག་ཧྲུའུ་ཡི་ཕྱི་ཕྱོགས་མ་དངུལ་པུའི་ཅིང་ལི་སུའོ་ཕེ·ཏི་ཡེ་པོས་ཧྥ་རན་སེའི་ཚོང་དོན་མ་འཇོག་ཧྲུའུ་ཡིས་ཀྲུང་གོའི་ཁེ་ལས་ལ་དགའ་བསུ་ཞུ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།