འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་སྟོན་ཚོགས་ཐོག་མཚོ་སྔོན་འགྲེམས་
    ཁུལ་གྱིས་བོད་རིགས་ཀྱི་ཚེམ་དྲུབ་ལག་རྩལ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2017ལོའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་སྟོན་ཚོགས་ཐོག་མཚོ་སྔོན་འགྲེམས་
ཁུལ་གྱིས་བོད་རིགས་ཀྱི་ཚེམ་དྲུབ་ལག་རྩལ་འགྲེམས་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་དུས། 2017ལོའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་སྟོན་ཚོགས་པེ་ཅིང་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་གཉེར་ཞིང་། རྒྱལ་ཁབ་དང་ས་ཁུལ་80ལྷག་ཙམ་ནས་ཡོང་བའི་ཡུལ་སྐོར་སྒྲིག་གཞི་དང་། ཡུལ་སྐོར་ཁེ་ལས། གདན་ཞུས་འཛད་སྤྱོད་པ་བཅས་ཆིག་སྟོང་ཙམ་འགྲེམས་སྟོན་ནང་ཞུགས་ཡོད། ད་རེས་ཀྱི་ཡུལ་སྐོར་དངོས་མང་སྟོན་ཚོགས་འགྲེམས་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་22000ཡོད་པ་དེ་དག་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་ཁང་དང་། ཕྱོགས་བསྡུས་ཁང་། རྒྱལ་སྤྱི་ཁང་བཅས་འགྲེམས་ཁུལ་ཆེ་མོ་གསུམ་དུ་ཕྱེ་ཞིང་། འདི་ནི་ཉེ་དུས་མཚོ་སྔོན་འགྲེམས་ཁུལ་གྱི་ལས་དོན་པ་མགོན་པོ་སྐྱིད་(གཡས་)ཀྱིས་ལྟ་སྐོར་བར་བོད་རིགས་ཀྱི་ཚེམ་དྲུབ་ལག་རྩལ་ངོམ་སྟོན་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།