འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོ་(རྒྱལ་སྤྱི་)སྐོར་བའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་
    སྐབས་བཞི་པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། 2017ལོའི་མཚོ་སྔོན་པོ་(རྒྱལ་སྤྱི་)སྐོར་བའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་བཞི་པའི་མཚོ་སྐོར་བའི་ཚད་ལེན་ཚོད་ལྟའི་འགྲན་བསྡུར་མཚོ་སྔོན་ཟི་ལིང་དུ་དངོས་སུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲན་བསྡུར་དེ“མཚོ་སྔོན་པོར་ཡུལ་སྐོར་ལ་བསྐྱོད་པ”ཞེས་པ་བརྗོད་དོན་དུ་བྱས་ནས་ལྗང་མདོག་འགྲོ་སྐྱོད་ཀྱི་འདུ་ཤེས་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ནང་པེ་ཅིང་རླངས་འཁོར་ཀུང་སིའི་ནུས་རྒྱུ་གསར་པ་དང་། པི་ཡ་ཏི། ཀྲུང་ཐའེ། ཁྲང་ཨན་སོགས་རྒྱལ་ནང་གི་གློག་སྒུལ་རླངས་འཁོར་ཁྱབ་ཁོངས་ཀྱི་བཟོ་གྲྭ་མང་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཞུགས་ཡོད། མཚོ་སྔོན་པོ་སྐོར་བའི་ཚད་ལེན་ཚོད་ལྟའི་འགྲན་བསྡུར་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་718.8ཡོད་པ་དང་ཁྱོན་འགྲན་བསྡུར་ལམ་དུམ་དགུ་ཡོད་པ་རེད།
         འགྲན་དོན་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་གསུམ་གྱི་མཚོ་སྐོར་བའི་ཚད་ལེན་ཚོད་ལྟའི་འགྲན་བསྡུར་ནང་ཉིན་རེར་ཆ་སྙོམས་ཚད་ལེན་ཚོད་ལྟའི་ལམ་ཐག་སྤྱི་ལེ་230ཡན་ཟིན་པ་དང་འགྲན་དུམ་གྱི་ཆ་སྙོམས་ས་བབ་སྨི་2000ཡན་ཟིན་པ་དང་ས་བབ་མཐོ་ཤོས་ལ་སྨི་3400ལྷག་ཙམ་ཟིན་གྱི་ཡོད། འགྲན་བསྡུར་ནང་ཞུགས་མཁན་རླངས་འཁོར་གྱིས་མཐོ་གྲང་དང་གྱེན་འཛེག་པ་སོགས་ཀྱི་ཚོད་བགམ་མང་པོ་བྱ་རྒྱུ་ཡིན་པས་འགྲན་བསྡུར་ནང་ཞུགས་མཁན་རླངས་འཁོར་གྱི་ནུས་པར་ཕྱོགས་ཡོངས་ནས་ཚད་ལེན་ཚོད་ལྟ་བྱ་རྒྱུར་ཕན་པ་ཡོད།
         མཚོ་སྔོན་པོ་(རྒྱལ་སྤྱི་)སྐོར་བའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་2014ལོར་འགོ་བཙུགས་ནས་ད་བར་སྐབས་གསུམ་གཉེར་ཟིན་པ་དང་། དེ་ཉིད་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་གྲུབ་འབྲས་ཀྱི་གཅིག་སྡུད་འགྲེམས་སྟོན་སྟེགས་བུ་ཞིག་ཏུ་གྱུར་ཡོད། དེའི་ཚན་རྩལ་དང་། ལྗང་མདོག ཁོར་ཡུག་སྲུང་སྐྱོང་། སྤྱི་ཕན་བཅས་ཀྱི་སྲོག་ཤིང་འདུ་ཤེས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བའི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།