འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་བརྒྱད་པའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། སྐབས་བཅོ་བརྒྱད་པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟི་ལིང་དུ་འགོ་ཚུགས་པ་རེད།
         ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་2000ལོ་ནས་བཟུང་གྲུབ་འབྲས་ཐོབ་པའི་ངང་སྐབས་17པ་འཚོགས་ཤིང་། འདི་ལོའི་དུས་ཡུན་ཉིན་བཞི་ཡིན་པའི“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”དེས“སྒོ་དབྱེ་མཉམ་ལས·ལྗང་མདོག་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱེད་པ་དང་དེའི་རིང་འགྲེམས་སྟོན་དང་། མཐོ་རིམ་གླེང་སྟེགས། ཚོང་འགུགས་མ་འདྲེན། གློག་སྒུལ་རླངས་འཁོར་གྱིས་མཚོ་སྐོར་བའི་འགྲན་བསྡུར་སོགས་བརྗོད་དོན་ཆེ་གྲས་གསུམ་གྱི་བྱེད་སྒོ་ཁག་19སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་འབྲེལ་བརྗོད་དོན་གཙོ་བོའི་འགྲེམས་ཁང་5འཛུགས་རྒྱུ་ཡིན་པ་རེད།
         སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཚོགས་རའི་ནང་གི་འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5ཟིན་པ་དེར་དམིགས་བསལ་འགྲེམས་ཁུལ་54དང་ཚོང་ཟོག་ཉོ་ཚོང་འགྲེམས་སྟོན་བྱ་ཡུལ་400ཙམ་བཙུགས་ཡོད་པ་དང་། ཚོགས་ར་ཕྱིའི་འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1ཟིན་པ་དེར་འགྲེམས་ཁུལ་16བཙུགས་པ་དང་འགྲེམས་ཁུལ་གྱི་གཞི་ཁྱོན་དེ་སྔ་ལས་ཆེ་བ་ཡོད་པ་མ་ཟད། ཚོགས་རའི་ནང་གི་འགྲེམས་སྟོན་ཁུལ་དུ་ས་ཁོངས་མཉམ་ལས་ཁང་དང་། ས་ཁུལ་གྱི་ཐོན་ལས་ཁང་། ཁྱད་ལྡན་ཆེད་དོན་ཁང་། ཁེ་ལས་སྤེལ་རེས་ཁང་། ཚོང་ཟོག་ཉོ་ཚོང་ཁང་བཅས་ཆེད་ལས་ཁང་5བཙུགས་ཡོད་པ་རེད། འགྲེམས་སྟོན་ནང་ཞུགས་མཁན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། ས་ཁུལ། གྲགས་ཅན་ཁེ་ལས་བཅས་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་། ཀྲོའུ། སྡེ་ཚན། གླིང་། ཁྱད་ལྡན་ཁེ་ལས་བཅས་ཁྱོན་65ཡོད་ཅིང་། ས་ཁོངས་མཉམ་ལས་ཁང་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་Aའགྲེམས་ཁང་དུ་གནས་པ་དེའི་ནང་ཞིང་ཆེན་འབྲེལ་མཚམས་མཉམ་ལས་སྤེལ་རེས་ཁང་དང་མཚོ་སྔོན་ཕྱོགས་བསྡུས་ཁང་སོགས་དམིགས་བསལ་འགྲེམས་ཁུལ་ཁྱོན་17ཡོད་པ་དང་། འགྲེམས་ཁང་གིས་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ། ལས་རྣམ་གསར་པ་བཅས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།