འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་ཟས་མཆོག་མཉམ་འབྲེལ་རྒྱལ་ཚོགས་སུ་བཤམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། "ཀྲུང་གོའི་ཟས་མཆོག་མཉམ་འབྲེལ་རྒྱལ་ཚོགས་སུ་བཤམས་པའི"འགོ་འཛུགས་མཛད་སྒོ་དང"ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཟས་མཆོག་མཉམ་འབྲེལ་རྒྱལ་ཚོགས་སུ་བཤམས་པར་དགའ་བསུ་ཞུ་བའི་དགོང་མོའི་སྟོན་ཚོགས"དེ་ཉེ་ཆར་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་གཉེར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རྒྱལ་ཁབ་ཁག་གི་དཔོན་རིགས་དང་དེ་བཞིན་ལས་རིགས་ཁག་གི་མི་སྣ་150ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
         ཟས་རིགས་གཡོས་སྦྱོར་མཁས་ཅན་གཡོད་ཀྲེན་ཏུང་གིས་ས་གནས་ས་ཐོག་གི་སྐུ་མགྲོན་ཚོར་བྱང་ཆུབ་པའི་གྲི་རྩལ་སྟོན་ནས་ཆུ་ཀུབ་ལ་ཡི་གེ་དང་རི་མོ་བརྐོས་ནས"ལྒང་བཞུར"འགྱུར་བ་བྱས་པ་དང་། གཡོས་སྦྱོར་མཁས་ཅན་ཝུའུ་ཡུང་ཏུང་གིས"མིག་བཀབ་ནས་ཐུག་པ་འཐེན་པའི"ལག་རྩལ་ངོམས་པས་ས་གནས་ས་ཐོག་གི་སྐུ་མགྲོན་ཚོའི་ཡིད་དབང་འཕྲོག་པར་འགྱུར་བ་དང་། ལོ་སྒྲིལ་འབྲས་ཆན་སོགས་ཟས་མཆོག་བཟོ་རྒྱུར་ཞིབ་འཇུག་ལོ་བཅུ་ཙམ་བྱེད་མྱོང་བའི་གཡོས་སྦྱོར་མཁས་ཅན་ཝང་ཀུའེ་ཡུན་དང་ཝང་ཁྲང་ཧྭ་ཡིས་ཀྱང་ས་གནས་ས་ཐོག་ཏུ་ཕེབས་པའི་སྐུ་མགྲོན་ཚོར་ལོ་སྒྲིལ་འབྲས་ཆན་ཇི་ལྟར་བཟོ་སྟངས་བསླབ་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་རོགས་དྲུང་ཆེ་པ་ཆི་ཨའོ་ཐ་སིས་སྤྲོ་སྣང་ཆེན་པོའི་སྒོ་ནས་དེ་ཉིན་དགོང་མོའི་བྱེད་སྒོའི་ནང་ཞུགས་ཡོད། ཁོང་གིས་དགའ་ཚོར་ཆེན་པོའི་སྒོ་ནས་ལོ་སྒྲིལ་འབྲས་ཆན་བཟོ་སྟངས་སློབ་སྦྱོང་བྱས་པ་དང་འབྲེལ་ལོ་སྒྲིལ་འབྲས་ཆན་བྱུང་ཚུལ་སྐོར་གྱི་ངོ་སྤྲོད་ཀྱང་གསན་པ་རེད། ཁོང་གིས"འཛམ་གླིང་ཐོག་གི་ཁྱབ་ཁོངས་མང་པོར་དེང་དུས་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་ལྟར་དེའི་ཟས་མཆོག་ཀྱང་གོ་ལ་ཧྲིལ་པོར་དེ་བས་སྐད་གྲགས་ཆོད་བཞིན་ཡོད། དེ་ག་ནས་ང་ཚོས་ཀྲུང་གོའི་ཟས་མཆོག་གི་སྣ་མང་དང་། ཁྱད་ཡོན་ལྡན་པ། ཕུན་སུམ་ཚོགས་པ་བཅས་མིག་མཐོང་ལག་ཟིན་ཐུབ་བྱུང"ཞེས་བརྗོད།
         ཨ་རིའི་ཙུང་ཐུང་ཟུར་པ་ཉི་ཁེ་སུང་གི་ཚ་བོ་ཁའོ་ཁེ་སི་སོགས་ཀྱང་དེ་ཉིན་དགོང་མོའི་བྱེད་སྒོར་ཞུགས་ཡོད།
         ད་རེས་ཀྱི་བྱེད་སྒོ་དེ་ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་དང་ཀྲུང་གོའི་འབྲུ་སྣུམ་ཚོང་རྟགས"ཅིན་ལུང་ཡུས"ཀྱིས་མཉམ་གཉེར་བྱས་པ་ཞིག་རེད། ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང"ཀྲུང་གོའི་ཟས་མཆོག་མཉམ་འབྲེལ་རྒྱལ་ཚོགས་སུ་བཤམས་པ"དང"ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཟས་མཆོག་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ནང་བཤམས་པ" "ཀྲུང་གོའི་མངོན་མིན་རིག་གནས་ཤུག་བཞག་གི་ཟས་མཆོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝི་ཨེན་ན་སྤྱི་ཁྱབ་པུའུ་རུ་བཤམས་པ"སོགས་ཀྱི་ཀྲུང་གོའི་ཟས་མཆོག་རིག་གནས་རྒྱལ་སྤྱིའི་ཐོག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།