འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མཁས་དབང་ཚོས་ཚངས་དབྱངས་རྒྱ་མཚོའི་ཞབས་རྗེས་འཚོལ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་6ཚེས་19ཉིན་ཤེས་གསལ། བོད་ལྗོངས་ཚངས་དབྱངས་རྒྱལ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་མཁས་དབང་ཚོགས་པས་ཚངས་དབྱངས་རྒྱ་མཚོའི་ཞལ་རྗེས་འཚོལ་བའི་ལས་འགོ་ཚུགས་ཤིང་། བོད་ལྗོངས་ལྷ་ས་ཆུ་ཤུར་རྫོང་མཉེས་ཐང་ཤང་སོགས་ཚངས་དབྱངས་རྒྱ་མཚོའི་ཞབས་རྗེས་བཞག་མྱོང་བའི་ས་ཆ་དངོས་སུ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ་ཚངས་དབྱངས་རྒྱ་མཚོའི་རིག་གནས་སྔར་ལས་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ལོ་རྒྱུས་དངོས་བདེན་སོར་ཆུད་བྱ་རྒྱུ་རེད།
         1983ལོར་བོད་ལྗོངས་ལྷོ་རྒྱུད་མོན་ཡུལ་ཨོ་རྒྱན་གླིང་དུ་སྐུ་འཁྲུངས་པའི་ཚངས་དབྱངས་རྒྱ་མཚོ་ནི་ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡང་སྲིད་ཡིན་ཞིང་། ཁོང་གིས་བྲིས་པའི་མགུར་གླུ་རྒྱལ་ཁབ་ཕྱི་ནང་གང་སར་སྙན་གྲགས་ཁྱབ་པ་དང་། མཁས་པ་མང་པོའི་ཞིབ་འཇུག་བྱེད་སེམས་བཀུག་པ་མ་ཟད། ཀྲུང་གོའི་ས་གནས་ཁག་གི་གཞོན་ནུ་ལོ་ཆུང་མི་རབས་ཀྱིས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
         ཚངས་དབྱངས་རྒྱ་མཚོ་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་པ་སངས་ནོར་བུས་གསར་འགོད་པར་ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ཀྲུང་གོའི་མི་རིགས་ཁག་གི་རིག་གནས་དང་སྦྲེལ་བའི་འབྲེལ་ཐག་ཏུ་གྱུར་ཡོད་པ་དང་། མི་རིགས་དང་ལོ་ཚད་གང་ཡིན་ཡང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་རྒྱ་ཆེན་པོ་བྱུང་བ་རེད། “འོན་ཀྱང་མིག་སྔར་དྲ་ཐོག་ཏུ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ཐད་ལ་རྩོད་གཞི་ངེས་ཅན་བྱུང་ཡོད་པ་རེད། དེའི་ཕྱིར་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་པོ་བྱས་ཏེ་ལོ་རྒྱུས་ངོ་མ་སོར་ཆུད་བྱ་རྒྱུ་དེ་མི་རིགས་རིག་གནས་སྤེལ་རེས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད”ཅེས་བསྟན་པ་རེད།
         ཚངས་དབྱངས་རྒྱལ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྟོབས་རྒྱལ་གྱིས“ཚངས་དབྱངས་རྒྱ་མཚོའི་རིག་གནས་སྔོག་འདོན་བྱ་རྒྱུར་ད་དུང་བར་སྟོངས་ཧ་ཅང་ཆེན་པོ་ཡོད་ཅིང།  ཐེངས་འདི་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་ཚངས་དབྱངས་རྒྱ་མཚོའི་སྐོར་སྔོག་འདོན་བྱ་རྒྱུ་ཙམ་གྱིས་མ་ཚད། ཚངས་དབྱངས་རྒྱ་མཚོ་འཚོ་བཞུགས་སྐབས་ཀྱི་བོད་ལྗོངས་ཀྱི་སྤྱི་ཚོགས་རྣམ་པ་ཡོངས་སོར་ཆུད་བྱ་རྒྱུ་ཡིན་ཞིང་། འདིས་འཛམ་གླིང་གིས་བོད་ལྗོངས་ཀྱི་རིག་གནས་ཤེས་རྟོགས་གཏིང་ཟབ་པོ་བྱ་རྒྱུར་སྒེའུ་ཁུང་གསར་པ་གསར་རྐྱང་ཞིག་ཕྱེ་ཡོད”ཅེས་བརྗོད་པ་རེད།
         པ་སངས་ནོར་བུས་ད་དུང་ཐེངས་འདིར་ཡུལ་དངོས་སུ་རྟོག་ཞིབ་གཏིང་ཟབ་པོ་བྱ་རྒྱུ་ཕུད།མ་འོངས་པར་མཐུན་ཚོགས་ཀྱིས་ད་དུང་རོལ་དབྱངས་དགོང་ཚོགས་དང་ཚངས་དབྱང་རྒྱ་མཚོའི་གློག་བརྙན་སོགས་རྣམ་པ་འདྲ་མིན་གྱི་རིག་གནས་བྱེད་སྒོ་སྤེལ་རྒྱུའི་ཇུས་འགོད་བྱས་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་རྒྱུན་འཛིན་བྱ་རྒྱུ་ཡིན་ཅེས་བསྟན་པ་རེད། 
         ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ནི་2016ལོར་ལྷ་སར་དབུ་བརྙེས་པ་དང་། མིག་སྔར་མི་རིགས་ཁག་དང་ལས་རིགས་ཁག་གི་མཁས་དབང་དང་ཚངས་དབྱངས་རྒྱལ་མཚོའི་རིག་གནས་ལ་དགའ་ཞེན་བྱེད་མཁན་དང་ཁེ་ལས་པ་སོགས་ཚོགས་མི་100ལྷག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།