འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཡེ་ན་སློབ་ཆེན་དུ་བོད་ཀྱི་རིག་གནས་འཆད་ཁྲིད་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་19ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཨོ་སི་ཁྲུ་རི་ཡའི་ཝེ་ཡེ་ན་སློབ་ཆེན་དུ་《བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་དང་ཉེ་བར་བཅར་བ་》ཞེས་པའི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་བ་མ་ཟད། ཨོ་སི་ཁྲུ་རི་ཡའི་ལས་རིགས་སོ་སོའི་མི་སྣ་ཚོ་དང་བོད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིག་གནས། དེ་བཞིན་དཔལ་འབྱོར་འཕེལ་རྒྱས་སོགས་ཐུན་མོང་དུ་སྤྲོ་སྣང་ཆེ་བའི་བརྗོད་གཞིར་དཔྱད་བསྡུར་དང་སྤེལ་རེས་བྱས་པ་རེད།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གནས་ཚན་ཁག་གི་ཨུ་ཡོན་དང་ཞིབ་འཇུག་པ་ཧའོ་ཧྲི་ཡོན་གྱིས་དཔྱད་ཡིག་དང་། གཞི་གྲངས། པར་རིས་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་དང་ལྟ་ཕྱོགས་མང་བའི་ཐོག་ནས་བོད་ལྗོངས་1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་། གནམ་ས་བླ་འོག་ཏུ་བརྗེ་བ་ལྟ་བུའི་འགྱུར་བ་དང་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་འབྲས་བུ་གསལ་སྟོན་བྱས་ཏེ། ཡུལ་དངོས་སུ་ཡོད་པའི་ཨོ་སི་ཁྲུ་རི་ཡའི་ལས་རིགས་སོ་སོའི་མི་སྣ་རྣམས་ལ་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་དང་དེ་བཞིན་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་སྲུང་སྐྱོང་། སློབ་གསོའི་ལམ་ལུགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སོགས་ཕྱོགས་མང་པོར་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ་དག་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།