འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེ་ཞིང་ཆེན་གྱིས"བཟོ་སྐྲུན་ལས་རིགས་དང་དྲ་སྦྲེལ་ཟུང་དུ་སྦྲེལ་བའི"མུ་འབྲེལ་འདུ་འགོད་
    ལག་བསྟར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧོ་པེ་ཞིང་ཆེན“བཟོ་སྐྲུན་ལས་རིགས་དང་དྲ་སྦྲེལ་ཟུང་དུ་སྦྲེལ་བའི”ཚོད་ལྟའི་དཔེ་མཚོན་རྣམ་གྲངས་ཀྱི་ཉམས་མྱོང་སྤེལ་རེས་ཁྱབ་གདལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཧོ་པེས“བཟོ་སྐྲུན་ལས་རིགས་དང་དྲ་སྦྲེལ་ཟུང་དུ་སྦྲེལ་བའི”མུ་འབྲེལ་འདུ་འགོད་ལག་བསྟར་བྱས་ནས་བཟོ་སྐྲུན་ལས་རིགས་དང་དྲ་སྦྲེལ་མཉམ་འདྲེས་ངང་ཕྱོགས་ཡོངས་ནས་གོང་འཕེལ་གཏིང་ཟབ་གཏོང་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་པེས་ལས་རིགས་དང་ས་ཁོངས་ཀྱི་བཟོ་ལས་ལས་སྟེགས་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་བཟོ་ལས་ཀྱི་གྲངས་གཞི་ཆེན་པོ་སྤྱོད་འགོ་འཛུགས་རྒྱུ་རེད། 2020ལོར་སླེབས་སྐབས་ལས་རིགས་ཀྱི་སྤྲིན་ཚོགས་ལས་སྟེགས་5དང་། ཁྱབ་ཁོངས་ཀྱི་སྤྲིན་ཚོགས་ལས་སྟེགས་20 ཁེ་ལས་ཀྱི་སྒེར་བདག་སྤྲིན་ཚོགས་ལས་སྟེགས་100བཅས་སྐྱེད་སྲིང་བྱས་ནས། ཁེ་ལས་ཀྱིས་བཟོ་ལས་ཀྱི་སྤྲིན་ཚོགས་ལས་སྟེགས་སྤྱོད་ཚད་དེ་2015ལོའི་ལྡབ་གཅིག་འཕར་རྒྱུ་རེད། འདི་ལོ་ཧོ་པེས་རྫ་ཆས་དང་། ཨར་འདམ། གློག་ཆས། སྨན་བཅོས་ཡོ་བྱད་སོགས་ལས་རིགས་ཐད་སྤྲིན་ཚོགས་ལས་སྟེགས་ཀྱི་ཚོད་ལྟའི་སྐྱེད་སྲིང་ལས་དོན་སྔོན་ལ་སྤེལ་ཡོད་པ་རེད།
         ཧོ་པེས་བཟོ་ལས་ཀྱི་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་རྒྱུའི་འདུ་འགོད་ལག་ལེན་བསྟར་རྒྱུ་ཡིན་ཞིང་། ཁེ་ལས་ཆེ་གྲས་ཀྱིས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་འཛུགས་པ་དང་འབྲེལ་ལས་རིགས་དང་ས་ཁོངས་ཀྱི་ལས་སྟེགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་ས་མཚམས་ལས་བརྒལ་བའི་མཉམ་ལས་དེ་ཐོན་སྐྱེད་དང་འཁོར་རྒྱུག་གཞི་གཅིག་ཅན་གྱི་སྣོད་བཅུད་གསར་པ་ཆགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།
         དེ་དང་དུས་མཚུངས། ཧོ་པེས་བཟོ་སྐྲུན་ལས་རིགས་དང་དྲ་སྦྲེལ“གཉིས་གཏོད”ཀྱི་ལས་སྟེགས་བསྐྲུན་རྒྱུའི་འདུ་འགོད་ལག་ལེན་བསྟར་ནས“གཉིས་གཏོད”འདེགས་སྐྱོར་མ་ལག་གསར་པ་འཛུགས་རྒྱུ་རེད། བཟོ་སྐྲུན་ཁེ་ལས་ཆེ་གྲས་དང་། དྲ་སྦྲེལ་ཁེ་ལས། གློག་འཕྲིན་ཁེ་ལས་བཅས་ཀྱིས་དྲ་སྦྲེལ་གྱི་བཟོ་སྐྲུན་ལས་རིགས་རྨང་གཞིར་བྱས་པའི“གཉིས་གཏོད”ལས་སྟེགས་བསྐྲུན་རྒྱུ་དང་ཐོན་ལས་གཅིག་འདུས་ཁུལ་ལ་བརྟེན་ནས་དྲ་སྦྲེལ་གྱི་བཟོ་སྐྲུན་ལས་རིགས་རྨང་གཞིར་བྱས་པའི“གཉིས་གཏོད”རྟེན་གཞི་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་མཉམ་སྤེལ་གྱི“གཉིས་གཏོད”ཁོར་ཡུག་ཅིག་ཆགས་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།