འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ཁག་གསུམ་གྱི་ལྟ་ཞིབ་ལས་
    དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ཁག་གསུམ་གྱི་ལྟ་ཞིབ་སྐུལ་སློང་དང་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཁག་གསུམ་གྱི་ལྟ་ཞིབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་འབྲེལ་ཡོད་ཀྱི་སི་ཅུས་དང་ལྟ་ཞིབ་ཅུས་དང་དེ་བཞིན་ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་ཆུང་གཞུང་དོན་ཁང་སོགས་འབྲེལ་ཡོད་ཀྱི་ཚན་པའི་འགན་ཁུར་བློ་མཐུན་ལས་ལྟ་ཞིབ་ཚོགས་ཆུང་15གྲུབ་སྟེ་ཚོད་ལྟའི་ས་ཁུལ་33ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པར་བསྐྱོད་རྒྱུ་རེད།
          རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཏི་ལིན་གྱིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ཁག་གསུམ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཁ་གསལ་པོ་བཟོས་པའི་སྒྱུར་བཅོས་རྣམ་གྲངས་ཁག་36གི་གྲས་ཤིག་ཡིན་པའི་ངོས་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ་འགག་གནད་སེལ་བ་དང་། འགལ་རྐྱེན་མེད་པ་བཟོ་བ། ཕན་ནུས་རྩད་འདྲི་དང་འགན་འཁྲི་བདའ་འདེད་བཅས་སྒྱུར་བཅོས་ལྟ་ཞིབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྒྱུར་བཅོས་ལྟ་ཞིབ་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།
          ལྟ་ཞིབ་ནང་དོན་སྐོར་ལ་ཀྲང་ཏི་ལིན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལྟ་ཞིབ་བྱེད་པར་དང་པོ་ནི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་ཀའི་སྤྱིའི་བཀོད་སྒྲིག་ལ་ལྟ་ཞིབ་བྱས་ཏེ་ས་གནས་ཀྱི་རྩ་འཛུགས་འགོ་ཁྲིད་འཐུས་སྒོ་ཚང་མིན་དང་རྨང་གཞིའི་ལས་དོན་བརྟན་པོ་ཡིན་མིན་ལྟ་དགོས་པ་དང་། གཉིས་པ་ནི་ལྟ་ཞིབ་སྒྱུར་བཅོས་ཚོད་ལྟའི་ལས་ཀའི་སྤྱིའི་འཕེལ་རིམ་དང་ཕན་འབྲས་ལ་ལྟ་ཞིབ་བྱས་ནས་སྒྱུར་བཅོས་ཀྱི་དམིགས་ཚད་དང་། དུས་ཚོད་རེའུ་མིག ས་རིས་བཅས་ལ་གཞིགས་ཏེ་རྟ་སྒ་ཆ་སྒྲིག་ངང་དུས་ཐོག་ཏུ་འདོན་པ་དང་དོན་འཁྱོལ་དམ་འཛིན་བྱས་ཡོད་མེད་དང་འབྲེལ་ཡོད་ཀྱི་སྒྱུར་བཅོས་ལས་འགན་ལེ་ལག་ཚང་བའི་ངང་རྗེས་སྙེགས་ཐུབ་མིན། སྲིད་ཇུས་སྦྲེལ་མཐུད་ཡག་པོ་བྱུང་མིན་བཅས་ལ་ལྟ་དགོས་པ། གསུམ་པ་ནི“ས་ཞིང་ཁག་གསུམ”གྱི་ལམ་ལུགས་སྒྱུར་བཅོས་ཀྱི་རང་སོ་སོའི་འཕེལ་རིམ་གནས་ཚུལ་ལྟ་ཞིབ་བྱས་ནས་ལེགས་པ་དང་། འབྲིང་བ། ཞན་པ་བཅས་ཀྱི་ཚད་གཞི་ལྟར་སོ་སོར་ཤན་འབྱེད་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།