འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུའི་དྲ་བ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་
    300ལྷག་ཙམ་ལ་ཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། གསར་འགོད་པས་པེ་ཅིང་དུ་འཚོགས་པའི་བློ་རིག་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཉེར་སྤྱོད་དབུ་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུའི་དྲ་བས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་300ལྷག་ཙམ་ལ་གནད་སྨིན་ཞབས་འདེགས་ཞུ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བྱང་སྐར་སྤུན་བདུན་གྱི“གྲོང་ཁྱེར་བརྒྱ་མཉམ་འབྲེལ་དང་མཉམ་སྤྱོད”ཀྱི་བྱ་སྤྱོད་འཆར་གཞིའི་ལྟེ་བའི་གྲུབ་ཆའི་ཆ་ཤས་ཤིག་ཡིན་པའི་རྒྱལ་ཁབ་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུའི་དྲ་བ་སོལ་རླངས་དང་། ཚ་དྲོད། གློག་ཤུགས། ཆུ་མཁོ་འདོན། བཙོག་ཆུ་བཤངས་འབུད། འགྲིམ་འགྲུལ། རྒན་གསོ་སོགས་ལས་རིགས་མང་པོར་བདེ་བླག་ངང་ཉེར་སྤྱོད་ཐུབ་ནས་རིག་ལྡན་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
            ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་གྱི་གནས་གཏན་འཁེལ་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2020ལོར་སླེབས་སྐབས་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་4000ལས་བརྒལ་རྒྱུ་དང་བྱང་སྐར་སྤུན་བདུན་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་2400ཟིན་རྒྱུ་རེད། བྱང་སྐར་སྤུན་བདུན་གྱི་ཁྱད་ལྡན་ཞབས་ཞུ་དང“བྱང་སྐར་སྤུན་བདུན+”མཉམ་འདྲེས་ཉེར་སྤྱོད་ལས་ཐོན་པའི་གསར་དར་ཐོན་ལས་དཔེར་ན་མཉམ་སྤྱོད་རྐང་འཁོར་དང་། གྲོང་ཁྱེར་གྱི་བློ་རིག་ལྡན་མདོང་ལམ་སོགས་ཀྱི་ཁྲོམ་རར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།