འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བཟོ་ལས་ཁྱབ་ཁོངས་སུ་ལྗང་མདོག་བཟོ་སྐྲུན་འདུ་འགོད་ལག་ལེན་བསྟར་མགྱོགས་
    སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་ནི་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོ་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“བཟོ་ལས་ཐཱན་ཉུང་འཕེལ་རྒྱས”ཞེས་པ་དེ་རེད། རང་རྒྱལ་གྱིས་བཟོ་ལས་ཐཱན་ཉུང་དུ་སྒྱུར་བར་སྔར་བས་སྐུལ་འདེད་བཏང་ནས་ལྗང་མདོག་བཟོ་སྐྲུན་འདུ་འགོད་ལག་ལེན་བསྟར་མགྱོགས་སུ་བཏང་སྟེ་ཐོན་སྐྱེད་བྱེད་སྟངས“ལྗང་མདོག་ཅན”དུ་འགྱུར་བ་བྱ་རྒྱུ་རེད།
          དེ་ཉིན་ཐེན་ཅིན་གསར་སྤེལ་ཁུལ་དུ་སྤེལ་བའི“ཐའེ་ཏ་བཟོ་ལས་ཐཱན་ཉུང་འཕེལ་རྒྱས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་མཁན་སིའི་སི་ཀྲང་གཞོན་པ་སུན་ཀྲེན་གྱིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་གི་རླངས་འབུད་ཚོད་འཛིན་བྱེད་པའི་ལས་ཀའི་ཇུས་གཞི་དོན་འཁྱོལ་ཡག་པོ་བྱས་ནས་ཚན་པའི་GDPཡི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་18%དམའ་རུ་གཏོང་བ་སོགས་ཀྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་འགན་ལེན་བྱ་ཆེད། རང་རྒྱལ་གྱིས་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ལེགས་སྒྱུར་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཚམ་པ་དང་གྲོང་ཁྱེར་གྱི་བྱ་སྤྱོད་དང་འཚམ་པའི་ཇུས་གཞི་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད།
          བཟོ་ལས་ནི་རང་རྒྱལ་གྱི་ནུས་རྒྱུ་ཟད་གྲོན་དང་དེ་བཞིན་དྲོད་ཁང་གི་རླངས་འབུད་ཀྱི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་པས་2016ལོར་རྒྱལ་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་གྱི་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་43.6ཟིན་པའི་ནང་བཟོ་ལས་ཀྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་ཀྱིས་70%ཙམ་བཟུང་ཡོད་པ་རེད། བཟོ་འཕྲིན་པུའི་ནུས་རྒྱུ་གྲོན་ཆུང་དང་ཕྱོགས་བསྡུས་བེད་སྤྱོད་སིའི་སི་ཀྲང་གཞོན་པ་ཝང་ཡན་གྱིས། བཟོ་ལས་ཁྱབ་ཁོངས་ཀྱིས་ངེས་པར་དུ་ལྗང་མདོག་ཐཱན་ཉུང་མངོན་འགྱུར་མགྱོགས་པོ་ཐུབ་པ་བྱས་ནས་བཟོ་ལས་ཁྱབ་ཁོངས་ཀྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་གང་མགྱོགས་ཚད་གཞི་ལོན་ཚེ། གཞི་ནས་ཁྱབ་ཁོངས་གཞན་དག་གི་དབྱང་གཉིས་ཐཱན་གཉིས་འབུད་རྒྱུར་བར་མཐོངས་ཤིག་སྐྲུན་ཐུབ་ཞེས་བསྟན་པ་རེད།
          ཁོང་གིས་འབྱུང་འགྱུར་རང་རྒྱལ་གྱིས་ལྗང་མདོག་བཟོ་སྐྲུན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཚན་རྩལ་འདུས་ཚད་མཐོ་བ་དང་། ནུས་པའི་ཟད་གྲོན་དམའ་བ། ཁོར་ཡུག་སྦགས་བཙོག་ཉུང་བ་བཅས་ཀྱི་ཐོན་སྐྱེད་བྱེད་སྟངས་ཧུར་ཐག་བཏོད་དེ་ཐོན་སྐྱེད་བྱེད་སྟངས་གང་མགྱོགས“ལྗང་མདོག་ཅན”ལ་གྱུར་བ་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་བླང་བྱར་དམིགས་ནས་བཟོ་ལས་གླིང་དང་གཙོ་གནད་བཟོ་ལས་ཁེ་ལས་ཀྱི་ཐོན་ཁུངས་དང་ནུས་རྒྱུ་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ལས་རིགས་དང་བཟོ་ལས་གླིང་ཁག་གཅིག་གི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་སྔོན་ལ་ཚད་གཞིར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།
          2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་《“ལོ་ལྔ་ཚན་བཅུ་གསུམ་པའི”དྲོད་ཁང་གི་རླངས་འབུད་ཚོད་འཛིན་བྱེད་པའི་ལས་ཀའི་ཇུས་གཞིའི་》ནང་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་འབུད་ལ་ཚོད་འཛིན་བྱ་རྒྱུ་དེ་ཐཱན་ཉུང་ཐོན་ལས་མ་ལག་གཏོད་པའི་ནང་དོན་གལ་ཆེན་ལ་བརྩིས་ཤིང་། ཇུས་གཞིའི་ནང་། 2020ལོར་སླེབས་སྐབས་རྩིས་གཞིའི་བཟོ་ལས་འཕར་ཐང་གི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་དེ་2015ལོ་ལས་22%དམའ་རུ་གཏོང་རྒྱུ་དང་། བཟོ་ལས་ཁྱབ་ཁོངས་ཀྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་བསྡོམས་འབོར་བརྟན་པོ་ཡོང་བ་བྱ་རྒྱུ། ངར་ལྕགས་དང་བཟོ་སྐྲུན་རྒྱུ་ཆ་སོགས་གཙོ་གནད་ལས་རིགས་ཀྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་བསྡོམས་འབོར་ཚོད་འཛིན་ནུས་ལྡན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།