འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལུན་ཏོན་གྲོང་ཁྱེར་གྱི་ཐོག་བརྩེགས་ཞིག་ཏུ་མེ་སྐྱོན་ཚབས་ཆེན་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་
    མི་གྲངས་12སུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 08:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལུན་ཏོན་གྲོང་ཁྱེར་གྱི་ཐོག་བརྩེགས་ཞིག་ཏུ་མེ་སྐྱོན་ཚབས་ཆེན་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་
མི་གྲངས་12སུ་འཕར་བ།
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་གྱི་ཞོགས་པར། དབྱིན་ཇི་རྒྱལ་ཁབ་ཀྱི་ལུན་ཏོན་གྲོང་ཁྱེར་ནུབ་རྒྱུད་ཀྱི་མཆོད་རྟེན་དབྱིབས་ཀྱི་དམངས་སྡོད་ཐོག་བརྩེགས་ཤིག་ཏུ་མེ་སྐྱོན་བྱུང་སྟེ། ད་ལྟ་བར་དུ་མི་12རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་70ལྷག་ཙམ་སྨན་ཁང་དྲུག་ཏུ་སྨན་བཅོས་མྱུར་སྐྱོབ་བྱེད་པར་སྐྱེལ་ཡོད་ལ། དེའི་ནང་གི་མི་18ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
          དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་རའེ་སཱ་•མའེ་ཡིས་མེ་སྐྱོན་བྱུང་བ་འདིར"རྟོག་ཞིབ་འཚམ་པོར་བྱེད་དགོས"ཞེས་བསྟན་པ་དང་། ཁོ་མོས་ད་དུང་སྲོག་སྐྱོབ་ཀྱི་ལས་དོན་འདིའི་ནང་ཞུགས་པའི་མེ་གསོད་མེ་འགོག་དང་མྱུར་སྐྱོབ། ཉེན་རྟོག་པའི་སྡེ་ཁག་བཅས་ལ་བསྟོད་པ་བྱས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱིས་གནོད་འཚེ་བྱུང་བའི་སྡོད་དམངས་ཀྱི་འགྲོ་སྐྱོད་ལ་རོགས་རམ་བྱས་པར་ལུན་ཏོན་གྱི"རླབས་ཆེའི་དགོངས་དོན"ཞེས་བརྗོད་ཡོད་པ་རེད།
          མེ་སྐྱོན་བྱུང་རྗེས། ཉེ་འཁོར་གྱི་སྡོད་དམངས་མང་པོ་ཞིག་གིས་བཀག་སྡོམ་བྱེད་ཡུལ་དངོས་ཀྱི་ཕྱི་རིལ་དུ་གནོད་སྐྱོན་བྱུང་བའི་སྡོད་དམངས་ལ་བཟའ་བཏུང་གི་རིགས་དང་ལྭ་བ་སོགས་སྐྱེལ་བར་ཡོང་བ་རེད། སྡེ་ཁུལ་ལྟེ་གནས་དང་སྡེ་ཁག་འགའ་ཡིས་རང་འགུལ་ངང་གནོད་སྐྱོན་བྱུང་བའི་སྡོད་དམངས་ཚོར་གནས་སྐབས་སྡོད་གནས་ཀྱང་མཁོ་སྤྲོད་བྱས་པ་རེད།
          མེ་སྐྱོན་འདི་ལས་མང་ཚོགས་ཀྱིས་རིམ་མཐོའི་ཐོག་བརྩེགས་ཀྱི་མེ་སྐྱོན་ཉེན་ཡོད་གནས་ཚུལ་ལ་སེམས་ཁྲལ་བྱེད་ཚུལ་བཏོན་ཡོད་ལ། ལྷག་པར་དུ་འབར་སླའི་རྒྱུ་ཆ་འཛུགས་སྐྲུན་བཟོ་བཀོད་ཀྱི་ཕྱི་གྱང་ངོས་སུ་བྱུགས་ཡོད་པ་དེ་ད་ལྟའི་བཟོ་བཀོད་ལས་རིགས་སུ་ཧ་ཅང་དར་ཁྱབ་བྱུང་ཡོད་པ་རེད། གནས་འཕྲིན་བཀོད་པར་གཞིགས་ན། མེ་སྐྱོན་བྱུང་བའི་ཐོག་བརྩེགས་དེ་ནི་2016ལོར་ཞིག་གསོའི་ལས་དོན་སྤེལ་ཚར་བ་དང་། དུས་ཡུན་ལོ་གཉིས་རིང་ལ་ལས་ཤིང་། མ་དངུལ་དབྱིན་སྒོར་ཁྲི་100ཙམ་སོང་ཡོད་ཅིང་། སྤྱི་པའི་དྲོད་ལེན་སྤེལ་གཏོང་དང་སྒེའུ་ཁུང་བརྗེ་འཇོག་བྱས་པ་མ་ཟད། ཐོག་བརྩེགས་ཀྱི་ཕྱི་གྱང་ལའང་དྲོད་ལྡན་རིམ་པ་སྣོན་སྒྲིག་བྱས་པ་རེད།
          ས་གནས་དེ་གའི་སྡོད་དམངས་རྩ་འཛུགས་ཀྱིས་ལོ་མང་རིང་ས་གནས་དོ་དམ་སྡེ་ཁག་ལ་ཐོག་བརྩེགས་སུ་མེ་སྐྱོན་འབྱུང་ཉེན་གྱི་སེམས་ཁྲལ་སྐོར་ཞུ་མྱོང་ཡོད་ཀྱང་། སྡོད་དམངས་ཁ་ཤས་ཀྱིས་འབྲེལ་ཡོད་སྡེ་ཁག་གིས་ཁོང་ཚོའི་ཞུ་བར་བྱེད་ཐབས་གཅིག་ཀྱང་སྤེལ་མི་འདུག་ཅེས་བསྟན་པ་རེད།
           ལུན་ཏོན་མེ་གསོད་མེ་འགོག་སྡེ་ཁག་གིས་ད་ལྟ་མེ་སྐྱོན་བྱུང་རྐྱེན་དང་མེ་སྐྱོན་འཕྲལ་མར་ཁྱབ་པར་འགྱུར་རྐྱེན་ལ་བརྟག་དཔྱད་བྱ་དུས་སྔ་འདུག་ཅེས་པ་དང་། དུས་མཚུངས་མི་སྣ་ཤི་རྨས་ཀྱི་གྲངས་ཀ་ད་དུང་མང་དུ་འགྲོ་ཉེན་འདུག་ཅེས་བསྟན་པ་རེད།
    ༄༅།།ལུན་ཏོན་གྲོང་ཁྱེར་གྱི་ཐོག་བརྩེགས་ཞིག་ཏུ་མེ་སྐྱོན་ཚབས་ཆེན་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་
མི་གྲངས་12སུ་འཕར་བ།
    ༄༅།།ལུན་ཏོན་གྲོང་ཁྱེར་གྱི་ཐོག་བརྩེགས་ཞིག་ཏུ་མེ་སྐྱོན་ཚབས་ཆེན་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་
མི་གྲངས་12སུ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།