འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཨུ་
    ཡོན་14མང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན་14མང་དུ་བཏང་བ་དང་། དེ་དག་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་ཟློས་གར། གཞས་མ་གཏམ། སྲོལ་རྒྱུན་ལུས་རྩལ། སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་ལག་རྩལ། དམངས་སྲོལ་སོགས་ཁྱབ་ཁོངས་8ལ་ཁྱབ་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མང་དུ་བཏང་བའི་མངོན་མིན་རིག་གནས་ཤུལ་བཞག་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན་14ནི་དམངས་ཁྲོད་རྩོམ་རིག་གི་རིགས་གཅིག་མཁས་ཅན་ནུ་མོ་དང་། བཀྲ་ཤིས་དཔལ་ལྡན། ཕུན་ཚོགས་དོན་གྲུབ་བཅས་དང་། སྲོལ་རྒྱུན་རོལ་དབྱངས་ཀྱི་རིགས་གཅིག་མཁས་ཅན་སྐལ་བཟང་ཆོས་རྒྱལ། སྲོལ་རྒྱུན་ཟློས་གར་གྱི་རིགས་གཅིག་མཁས་ཅན་ངག་དབང་བསྟན་འཛིན་དང་སངས་རྒྱས་དོན་གྲུབ། གཞས་མ་གཏམ་གྱི་རིགས་གཅིག་མཁས་ཅན་ཐུབ་བསྟན། སྲོལ་རྒྱུན་ལུས་རྩལ་གྱི་རིགས་གཅིག་མཁས་ཅན་ལེ་ཝུའེ། སྲོལ་རྒྱུན་མཛེས་རྩལ་གྱི་རིགས་གཅིག་མཁས་ཅན་ནོར་བུ་སྲི་ཐར། སྲོལ་རྒྱུན་ལག་རྩལ་གྱི་རིགས་གཅིག་མཁས་ཅན་བློ་བཟང་བཀྲ་ཤིས། དམངས་སྲོལ་གྱི་རིགས་གཅིག་མཁས་ཅན་བཅོ་ལྔ་ལྷ་མོ་དང་། ཕུར་བུ་རྡོ་རྗེ། དོན་གྲུབ་ལྷ་རྒྱལ། ཡུམ་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།