འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་བོད་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་
    ཆེད་དངུལ་རེ་ཞུ་བྱེད་ཚད་སྒོར་ཁྲི་2000ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན“བཟོ་བོའི་ཕུགས་འདུན་གཏོད་པ——བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འགྲེམས་སྟོན”དང“བོད་ཀྱི་ཞིང་ལས་རྨོ་འདེབས་ཀྱི་རིག་གནས་འགྲེམས་སྟོན”བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་ཤིང་། འགྲེམས་སྟོན་ཐོག་སྲོལ་རྒྱུན་གྱི་བཟོ་བཀོད་དང་། ལྕགས་རིགས་རྡུང་བཟོ། བོད་སྤོས་དང་བོད་ཤོག གཡང་ཊི་ཤིང་བརྐོས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་འགྲེམས་དངོས་1300ལྷག་ཙམ་འགྲེམས་སྟོན་བྱས་པ་མ་ཟད། ལོ་གཅིག་དུས་བཞིའི་ཞིང་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ལག་ཆ་དང་དུས་སྟོན་གུས་ལུགས་སོགས་འབྲེལ་ཡོད་དངོས་པོ་700ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། ཟླ་6ཚེས་10ཉིན་ནི་རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐོག་མ་དེ་ཡིན་པ་དང་། ཉིན་ཤས་བསྟུད་མར་བོད་ཀྱི་ས་ཁུལ་ཁག་གིས་རྣམ་པ་མི་འདྲ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་བྱེད་སྒོ་སྤེལ་བ་རེད།
          བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་ཐུབ་ཡོད་པ་རེད། མིག་སྔར་བོད་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་89དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་68ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་323དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་350ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁྲུའི་ཁྲུའུ་ཀྲང་སྐྱིད་སྐྱིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གལ་ཆེ་ཆུང་དང་། ཛ་དྲག་ཆེ་ཆུང་། སྟོངས་ཉེར་ཡོད་པ་བཅས་ཀྱི་ཚད་གཞིར་གཞིགས་ནས། 2017ལོར་བོད་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཆེད་དངུལ་སྒོར་ཁྲི་2029.38རེ་ཞུ་བྱས་པ་དང་། རེ་ཞུ་བྱས་པའི་རྣམ་གྲངས་ལ་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་རྣམ་གྲངས་16དང་། སྲོལ་རྒྱུན་བཟོ་རྩལ་གྱི་གསར་དར་རྣམ་གྲངས་11 རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་འདུ་འགོད་ཀྱི་མི་10 ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཚོགས་སྤྱིའི་ཞིབ་གསོ་འཛིན་གྲྭའི་དུས་ཐེངས་2པ་དང་དེ་བཞིན་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པའི་ཁྲིད་སྦྱོང་ཁ་གསབ་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།