འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ནུབ་ནས་བོད་དུ་བསྐྱོད་སའི་དབུན་ཁྲོན་ནས་འབར་ཁམས་བར་གྱི་ཉེན་ཁ་ཆེ་བའི་ཕུག་
    ལམ་ཐོག་མ་དེ་ཏལ་འབིགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སི་ཁྲོན་ནུབ་ནས་བོད་དུ་བསྐྱོད་སའི་དབུན་འབར་མྱུར་བགྲོད་གཞུང་ལམ་གྱི་ཉེན་ཁ་ཆེ་བའི་ཕུག་ལམ་ཐོག་མ་སྟེ་ཕུ་ཡཱ་འདབས་ཀྱི་ཕུག་ལམ་ཉེ་དུས་བདེ་བླག་ངང་ཏལ་འབིགས་ཐུབ་པ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ཚད་ཧྲིལ་པོ་སྤྱི་ལེ་174ཡོད་པའི་དབུན་འབར་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་རུ་བསྐྱོད་སའི་དམངས་འཚོའི་ལམ་བུ་ཞིག་རེད། གཞུང་ལམ་དེ་སི་ཁྲོན་གཤོང་སའི་མཐའ་ནས་མཚོ་བོད་ས་མཐོའི་ཁུལ་དུ་སྣུར་སྲིང་བྱས་ཡོད་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་1320ནས་མཐོ་ཚད་སྨི་3225བར་ཡོད་ལ་ཟམ་ཕུག་86.5%ཡོད་པས་རྒྱལ་ཡོངས་སུ་མཐོང་དཀོན་པ་ཞིག་རེད། དེའི་ནང་སྤྱི་ལེ་96ཟིན་པའི་ཕུག་ལམ་33ཡོད་པས་ལས་སྐྲུན་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད།
         ཏལ་འབིགས་གཏོང་སྐབས་དཀའ་ངལ་ཆེ་ཤོས་ནི་ས་གཤིས་རྙོག་འཛིང་ཆེ་བ་དེ་ཡིན་ཞིང་། རིང་ཚད་སྤྱི་ལེ་3ཡོད་པའི་ཕུ་ཡཱ་འདབས་ཀྱི་ཕུག་ལམ་དེ་གུ་དོག་པའི་གྲོག་རོང་དང་རི་བོ་བརྒྱུད་དགོས་པས་གཡང་གཟར་ཆེ་ལ་རི་བོ་ཆ་མི་སྙོམས་པ་དང་ཕུག་ལམ་ཡང་ས་ཡོམ་ཐོན་སླ་བའི་ཁུལ་དུ་གནས་ཡོད། “དབུན་ཁྲོན་དུ་ས་ཡོམ་ཆེན་པོ་བརྒྱབ་པར་བརྟེན་རི་རྡོ་ཉིལ་བའི་ཉེན་ཁ་ཆེ་བས་ལས་གྲྭར་དཀའ་ངལ་ཆེན་པོ་འཕྲད་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཅུས་བདུན་པའི་ཀུང་སི་གསུམ་པའི་དབུན་འབར་རྣམ་གྲངས་པུའུ་ཡི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཞའོ་ཕིང་གིས་དེ་ལྟར་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།