འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྐྱོན་བྲལ་དང་བརྟན་པོའི་
    སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་འགན་འཁྲི་ཡག་པོ་འཁུར་ནས་ཕྱོགས་ཁག་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་8དང་9ཉིན་ཧ་སག་སི་ཐན་གྱི་ཨ་སི་ཐ་ནར་གཉེར་བའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་བདུན་པར་ཞུགས་པ་དང་། ཚོགས་འདུར་ཞུགས་རིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་2018ལོའི་ཟླ་6པར་ཀྲུང་གོར་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་དང་འབྲེལ་ཀྲུང་གོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ལས་ཀའི་བསམ་བཀོད་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ཐད་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ཡུན་རིང་མཛའ་གྲོགས་མཉམ་ལས་ཆིངས་ཡིག་གི་འབྱུང་འགྱུར་ལོ་ལྔའི་ལག་བསྟར་རྩ་གནད་དང་། “ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་བའི་འབྱུང་འགྱུར་ལོ་གསུམ་གྱི་མཉམ་ལས་རྩ་གནད། ཚོང་དོན་སྟབས་བདེ་ཅན་གྱི་གྲོས་ཆོད་ལ་གྲོས་བསྡུར་དང་མིང་རྟགས་འགོད་རྒྱུ་དང་། ས་གནས་མཉམ་ལས་ཀྱི་ལམ་སྲོལ་འཛུགས་རྒྱུ་དང་། སྨྱན་སྦྱོར་གྱི་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཁྱབ་ཁོངས་མང་པོའི་གླེང་སྟེགས་དང་བྱེད་སྒོ་སོགས་སྤེལ་རྒྱུའི་གྲོས་འགོ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་འདོན་རྒྱུའི་ཁྱབ་བསྒྲགས་གནང་བས་ཚོགས་ཞུགས་ཕྱོགས་ཁག་གི་ཚུར་སྣང་ལན་ཆ་ཆེན་པོ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད།
          ལུའུ་ཁང་གིས“ང་ཚོས་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་འབྲེལ་ཕྱོགས་ཁག་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་ཐོག་དར་རྒྱས་་གང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་བྱ་གཞག་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་དངོས་དངོས་རྗེན་རྗེན་གྱི་ཕན་པ་སྐྲུན་རྒྱུ་ཡིན”ཞེས་གསུངས།
          གོང་ཚེས་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ལུའུ་ཁང་གིས་ད་དུང་ད་ཐེངས་ཀྱི་ཨ་སི་ཐ་ནའི་དབུ་ཚོགས་ཐོག་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ངོ་སྤྲོད་གནང་བ་སྟེ། གཅིག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་མང་དུ་ཐེངས་དང་པོ་བཏང་བ་དང་། རྒྱ་གར་དང་ཕ་ཁི་སི་ཐན་འདི་ཉིད་དངོས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར་པ་དང་། གཉིས་ནས“ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་ནས་ཁོངས་མི་གསར་རྙིང་དབར་གཞོགས་འདེགས་དམ་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ། གསུམ་ནས། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ། བཞི་ནས་འདི་ལོའི་ཟླ་5པར་པེ་ཅིང་དུ་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུ་དེ་ས་ཁོངས་མཉམ་ལས་ཀྱི་གྲོས་འགོ་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ལྔ་ནས་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ད་ཐེངས་ཚོགས་འདུའི་ཐོག་མིང་རྟགས་བཀོད་པའིཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྤྱི་ཆིངས་》དོན་འཁྱོལ་ཏན་ཏིག་བྱ་རྒྱུ་ཚུད་པ་དང་ས་ཁུལ་དེ་གའི་ཚོང་དོན་དང་མ་འཇོག་དེ་བས་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ཁག་མཉམ་ལས་བྱེད་པའི་དམངས་འདུན་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད་ཅེས་གསུངས།
         ཁོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་16སོང་རིང་། ཁོངས་མིའི་རྒྱལ་ཁབ་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་གྲོགས་ཟབ་ཏུ་སོང་བ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་སོང་བ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་དང་བློས་འགེལ་ཆོག་པའི་རྒྱབ་རྟེན་དུ་གྱུར་ཡོད། ད་ཐེངས་ཀྱི་དབུ་ཚོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་དབར་གྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་གསལ་སྟོན་བྱས་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ཀྱི་གྲོས་འགོ་གསར་པ་བཏོན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།