འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་དུ་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་འབར་མདེའུ་སེལ་བ་སོགས་
    ཀྱི་ཐོབ་ཐང་ཁག་གཉིས་རག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་ལེ་པ་ནོན་དུ་བསྐྱོད་པའི་ཀྲུང་གོའི་ཁག་16པའི་ཞི་བདེ་སྲུང་སྐྱོང་གི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་དཔོན་དམག་69ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་འོག་འབར་མདེལ་བྱ་སྤྱོད་ལྟེ་གནས་ཀྱི་དཔྱད་ཞིབ་བྱེད་ཐེངས་གཅིག་ནང་ཚད་ལོན་བྱུང་བ་རེད། འདི་ནི་ཀྲུང་གོའི་དམག་དཔུང་གིས་2006ལོར་ལེ་པ་ནོན་དུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་བསྒྲུབས་པ་ནས་བཟུང་མི་ཆོས་རིང་ལུགས་ཀྱི་ས་འོག་འབར་མདེལ་སེལ་བ་དང་འབར་མེད་པའི་དངོས་པོ་གཙང་སེལ་གྱི་ཐོབ་ཐང་ཁག་གཉིས་མཉམ་དུ་རག་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་འོག་འབར་མདེལ་བྱ་སྤྱོད་ལྟེ་གནས་རྣམ་གྲངས་ཀྱི་གཙོ་གཉེར་བ་ཧེང་རུའེ·མུའོ་ལན་ཏེས“ཀྲུང་གོའི་དམག་མིས་བསྒྲུབས་པའི་ས་འོག་འབར་མདེལ་སེལ་བའི་ལས་འགན་ནི་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་དམག་སྤྱི་པུས་ཉེན་ཁ་ཆེ་ཤོས་སུ་འཛིན་པའི་ལས་འགན་རེད། ཁྱེད་ཚོས་དཔྱད་ཞིབ་བྱ་ཡུལ་དུ་མངོན་པའི་བྱང་ཚད་དེ་དམག་དཔུང་གཞན་དག་ལས་ལྷག་པ་ཡོད་པས་ང་དགའ་ཞིང་བློ་བདེ་པོ་བྱུང་ལ་བསྟོད་བསྔགས་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།
          ཉིན་3གྱི་དུས་ཚོད་ནང་དཔྱད་ཞིབ་ནང་ཞུགས་པའི་ཀྲུང་གོའི་དཔོན་དམག་69ཡིས་བབ་བརླིང་བརྟན་གསུམ་དང་། བྱང་ཆུབ་པའི་ལག་རྩལ། ཉམས་སད་ཐེག་ཐུབ་པའི་བྱང་ཚད་བཅས་ལ་བརྟེན་ནས་བདེ་བླག་ངང་དཔྱད་ཞིབ་ཀྱི་ཚད་གཞི་ལོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།