འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”ནི་གཉིས་ཕན་གྱི་སྒོ་མོ་འབྱེད་པའི་ ལྡེ་མིག་ལྟ་བུ་ཡིན་ཞེས་བརྗོད་པ།

    ལོ་སི་དང་ཀྲུང་གོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཝུའེ་ཅིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལོ་སིའི་ལོ་ཀྲུང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཝུའེ་ཅིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལོ་སིའི་འགོ་ཁྲིད་པས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གདེང་འཇོག་ཆེན་པོ་དང་དོ་ཁུར་གནང་བ་མ་ཟད“རྒྱུད་གཅིག་ལམ་གཅིག”ནི་གཉིས་ཕན་གྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ཞེས་བརྗོད་ཀྱི་ཡོད་ཅེས་བཤད་པ་རེད།
          ཝུའེ་ཅིས་ཀྲུང་གོའི་འགོ་ཁྲིད་པས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཚུན་ལོ་སིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་གལ་ཆེན་དང་གསར་གཏོད་ཀྱི་གྲོས་འགོ་ཞིག་ཡིན་པ་དང་། མཉམ་ལས་བྱེད་ཁྱོན་ཆེ་བས་དེ་དང་འབྲེལ་བའི་སྲིད་ཇུས་འབྲེལ་འདྲིས་དང་། སྒྲིག་བཀོད་སྦྲེལ་མཐུད། ཉོ་ཚོང་ཤར་བགྲོད། མ་དངུལ་མཉམ་འདྲེས། དམངས་སེམས་གཅིག་མཐུན་སོགས་ཀྱི་མཉམ་ལས་ཐད་འཕེལ་རྒྱས་ཀྱི་ཕན་འབྲས་ཡག་པོ་ཐོན་རྒྱུ་རེད་ཅེས་བཤད།
          ཝུའེ་ཅིས་ལོ་སིས་ཀྲུང་གོའི་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ལྷག་དོན་དུ“རྒྱུད་གཅིག་ལམ་གཅིག”ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གཞིགས་ནས་འཆར་གཞི་གཏན་འཁེལ་བྱས་པ་མ་ཟད་དེའི་ཐད་འབད་བརྩོན་ཡང་བྱེད་བཞིན་ཡོད་པ་དང་། དཔལ་འབྱོར་དང་། ཡུལ་སྐོར། ཉོ་ཚོང་སོགས་ཐད་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ལ“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་ནང་ནས་ཕན་པ་ཐོབ་ཡོད་ཅེས་བཤད།
          ཁོང་གིས་ཉེ་བའི་ལོ་ཤས་རིང་། ལོ་སི་དང་ཀྲུང་གོ་ཕྱོགས་གཉིས་དབར“རྒྱུད་གཅིག་ལམ་གཅིག”དང་འབྲེལ་བའི་མཉམ་ལས་གྲུབ་འབྲས་དེ་ཕྱོགས་མང་པོར་འབྲེལ་ཡོད། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དང་སྲུང་སྐར་རྣམ་གྲངས་ནི་དེའི་ཁྲོད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ཤིག་ཡིན་ཞེས་བཤད།
          “ཀྲུང་གོ་བས་བཤད་པར། ཕྱུག་པོར་འགྱུར་དགོས་ན་སྔོན་ལ་ལམ་བཟོ་དགོས་ཟེར། ལོ་སི་བས་བཤད་པར། ཕྱུག་པོར་འགྱུར་དགོས་ན་སྔོན་ལ་ལྕགས་ལམ་བཟོ་དགོས་ཟེར། ‘རྒྱུད་གཅིག་ལམ་གཅིག’ནི་ལོ་སི་དང་ཀྲུང་གོའི་དབར་གཉིས་ཕན་གྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན། ཕྱོགས་གཉིས་པོས་ཕྱོགས་མང་བའི་མཉམ་ལས་ཐད་གྲོས་མོལ་ཧུར་ཐག་བྱེད་བཞིན་ཡོད་པས་སླད་ཕྱིན་མཉམ་ལས་དེ་དག་ལ་གྲུབ་འབྲས་སྔར་བས་མང་བ་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་ཝུའེ་ཅིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།