འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།"རས་པའི་རྒྱལ་མོ་"ཚེ་སྐྱིད་ལགས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'རས་པའི་རྒྱལ་མོ་'ཚེ་སྐྱིད་ལགས།
         1990ལོ་ནས་བཟུང་ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་པར་འགོ་ཚུགས་པ་དང་། ཁོང་མོས་གསར་རྩོམ་བྱས་པའི་《བོད་ཤར་གྱི་རྔ་འགྲན་བསྡུར་》ཞེས་པ་དང་《ཁམས་པའི་རྔ་སྒྲས་དཔྱིད་དཔལ་བསུ་》ཞེས་པ་སོགས་ཀྱི་འཁྲབ་ཚན་སྔ་གཞུག་ཏུ་ཨ་རི་དང་། ཏེན་མག ཉི་ཧོང་སོགས་རྒྱལ་ཁབ་10ལྷག་ཏུ་འཁྲབ་སྟོན་ཐེངས་བརྒྱ་ལྷག་བྱས་པ་དང་། ཕྱི་རྒྱལ་གྱི་གྲོགས་པོ་ཚོས"ཀྲུང་གོའི་སྒྱུ་རྩལ་རྩེར་སོན་པ་ཞིག"ཅེས་བསྟོད་བསྔགས་བྱས་པ་རེད། ཚེ་སྐྱིད་ལགས་ཀྱིས་གསར་རྩོམ་བྱས་པའི་འཁྲབ་གཞུང་ཁག་ལ་བྱ་དགའ་20ལྷག་ཐོབ་མྱོང་ཞིང་། དེའི་ཁྲོད་དུ་《ཉི་མའི་རྔ་》ཞེས་པ་ནི"སྐབས་ལྔ་པའི་CCTVཞབས་བྲོ་འགྲན་བསྡུར་ཆེན་མོའི་ཁྲོད་ནས་"ཕུལ་བྱུང་བྱ་དགའ་ཐོབ་པ་དང་། 《རས་པ་བུ་མོ་》ཞེས་པར་བོད་ལྗོངས་ཆེད་ལས་ཞབས་བྲོ་འགྲན་བསྡུར་ཆེན་པོའི་སྐབས་སུ"གསེར་གྱི་བྱ་དགའ"ཐོབ་ཡོད་པ་རེད།
         མིག་སྔར། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཞབས་བྲོ་ཚན་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་གནང་ནས། རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་རས་པ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་ཏུ་འབུལ་གྱིན་ཡོད་ཅིང་། ལོ་མང་གི་རིང་ལ། ཁོང་མོས་སྔ་གཞུག་ཏུ་སློབ་མ་སྟོང་ལྷག་གསོ་སྐྱོང་བྱས་ཡོད་པ་དང་།  དེའི་ཁྲོད་དུ་ཕྱི་རྒྱལ་ནས་ཆེད་དུ་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མའང་མི་ཉུང་བ་ཞིག་ཡོད་པ་དང་། རས་པའི་ས་བོན་ནི་ཁུར་མོང་མེ་ཏོག་བཞིན་རླུང་དང་འགྲོགས་ཏེ་ས་ཕྱོགས་ཀུན་ལ་ཁྱབ་ནས། རིམ་བཞིན་མེ་ཏོག་བཞད་དེ་འབྲས་བུ་སྨིན་གྱི་ཡོད་པ་རེད།
    【1】  【2】
    ༄༅།།'རས་པའི་རྒྱལ་མོ་'ཚེ་སྐྱིད་ལགས།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།