འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅༎རྒྱ་གར་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་14རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་7ཉིན་རྒྱ་གར་དབུས་ཀྱི་ཕེར་རྡེ་ཧྲི་(Madhya Pradesh)ས་ཁུལ་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས། ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་བཟོས་པ་རེད།
         རྒྱ་གར་གྱི་ཉེན་རྟོག་པའི་ས་ནས་ཆ་རྒྱུས་བྱུང་བ་ལྟར་ན། ཤོག་སྦག་བཟོ་གྲྭ་དེ་ཕེར་རྡེ་ཧྲི་ས་ཁུལ་(Madhya Pradesh)དང་རྒྱང་ཐག་སྤྱི་ལེ་5ཡོད་པའི་སར་གནས་ཡོད་ལ། འབར་གས་བྱུང་དུས་བཟོ་གྲྭའི་ནང་བཟོ་པ་40ལྷག་ཙམ་གྱིས་ལས་ཀ་བྱེད་ཀྱིན་ཡོད་པ་དང་། ཉེན་རྟོག་པས་ཐོག་མའི་བརྟག་དཔྱད་བྱས་པར་གཞིགས་ན། འབར་གས་འབྱུང་རྐྱེན་ནི་ལས་བཟོ་པ་ཞིག་གིས་ཐ་མག་འཐེན་འཕྲོས་གད་སྙིགས་ནང་གཡུགས་པའི་དབང་གིས་ཡིན་ཤས་ཆེ་ལུགས་བརྗོད།
         མིག་སྔར་རོགས་སྐྱོབ་རུ་ཁག་གིས་ཡུལ་དངོས་སུ་རོགས་སྐྱོབ་ཀྱི་འགོ་བརྩམས་པ་དང་། བེམ་པོ་འཚིག་རོ་རེ་རིམ་པ་བཞིན་ཕྱིར་བཏོན་པ་དང་། རྨས་མ་དག་ཀྱང་སྨན་ཁང་དུ་སྐྱེལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། 
         གནས་འཕྲིན་སྤེལ་བ་ལྟར་ན། ཕེར་རྡེ་ཧྲི་(Madhya Pradesh)ས་ཁུལ་དུ་2015ལོར་ཡང་འདི་དང་འདྲ་བའི་ཤོག་སྦག་བཟོ་གྲྭར་འབར་གས་བྱུང་བའི་དོན་རྐྱེན་ཞིག་བྱུང་མྱོང་བ་དང་། ཉུང་མཐར་ཡང་ཁང་པ་12ལྷག་ཙམ་བརྡིབས་ཅིང་མི་3གྲོངས་པ་དང་། མི་མང་པོ་རྨས་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།