འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅༎འབར་མའི་དམག་ཕྱོགས་ཀྱིས་འབྲེལ་ཐག་ཆད་པའི་དམག་སྤྱོད་གནམ་གྲུ་འཕྲལ་མར་བཙལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎འབར་མའི་དམག་ཕྱོགས་ཀྱིས་འབྲེལ་ཐག་ཆད་པའི་དམག་སྤྱོད་གནམ་གྲུ་འཕྲལ་མར་བཙལ་བ།
         མི་དམངས་དྲ་བའི་འཕྲིན། འབར་མའི་རྒྱལ་སྲུང་དམག་གི་དམག་སྤྱི་ཁང་ནས་ཟླ་6ཚེས་7ཉིན་གྱི་དགོང་མོར་ཡོངས་བསྒྲགས་བྱས་པ་ལྟར་ན། དམག་ཕྱོགས་ཀྱིས་དམག་སྤྱོད་མཚོ་གྲུ་9དང་། གནམ་གྲུ་3བཏང་ནས་ཉིན་དེར་འབྲེལ་ཐག་ཆད་པའི་དམག་སྤྱོད་དབོར་འདྲེན་གནམ་གྲུ་འཚོལ་རྒྱུ་ཡིན་ལུགས་བཤད་པ་དང་། དབོར་འདྲེན་གནམ་གྲུའི་ཐོག་གི་མི་གྲངས་ཀྱང་མི་120ནས་མི་122སུ་བསྒྱུར་པ་རེད།
         འབར་མའི་རྒྱལ་སྲུང་དམག་གི་དམག་སྤྱི་ཁང་ནས་ཉིན་དེའི་དགོང་མོར་གནས་ཚུལ་ཡོངས་བསྒྲགས་བྱས་པ་ལྟར་ན། གནམ་གྲུའི་ཐོག་གི་མི་གྲངས་122སུ་བསྒྱུར་པ་དང་། དེའི་ནང་མི་14ནི་གནམ་གྲུའི་ཐོག་གི་ལས་བཟོ་པ་ཡིན་པ་དང་མི་108ནི་འགྲུལ་པ་ཡིན་ལ། འགྲུལ་པའི་ནང་དམག་མི་35དང་དམག་མིའི་ཁྱིམ་མི་དར་མ་58དང་བྱིས་པ་15ཡོད་པ་རེད།
         འབར་མའི་རྒྱལ་སྲུང་དམག་གི་དམག་སྤྱི་ཁང་ནས་ཆ་རྒྱུས་བྱུང་བའི་གནས་ཚུལ་ལྟར་ན། གནམ་གྲུ་འདི་ས་གནས་ཀྱི་ཆུ་ཚོད་13དང་སྐར་མ་6ལ་ཐཱ་ཉིན་ཐཱར་ཡིས་(Tanintharyi)ཞིང་ཆེན་གྱི་མཚོ་ཁའི་གྲོང་ཁྱེར་ཨོད་རྡན་(Old Dan)ནས་དབྱང་ཀོང་(Yangon)ལ་འཕུར་རྩིས་ཡོད་མོད། ཆུ་ཚོད་13དང་སྐར་མ་35ཐོག་ཞིང་ཆེན་དེའི་ལྟེ་གནས་རྡ་བཱེ་(Dawei)ཡི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ་69ཙམ་ཡོད་སར་རྡ་བཱེ་(Dawei)གནམ་གྲུ་ཐང་དང་འབྲེལ་བ་བྱས་ཀྱང་། རྗེས་སུ་འབྲེལ་ཐག་ཆད་པ་རེད།
         འབར་མའི་དམག་ཕྱོགས་ཀྱིས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་2པ་ནས་བཟུང་། འབར་མའི་མཁའ་དམག་དང་མཚོ་དམག སྐམ་དམག་བཅས་ཀྱིས་གནམ་གྲུ་འབྲེལ་ཐག་ཆད་སའི་ས་ཆ་དག་ལ་འཚོལ་ཞིབ་བྱས་པ་དང་། དམངས་སྤྱོད་མཚོ་གྲུ་འགའ་ཡང་འཚོལ་ཞིབ་བྱེད་པར་ཞུགས་ཡོད་ཚུལ་བསྟན་ཡོད་པ་རེད།
         འབར་མའི་དམག་ཕྱོགས་མི་སྣས་གསར་འགོད་པར་བཤད་པ་ལྟར་ན། འབྲེལ་ཐག་ཆད་པའི་གནམ་གྲུ་ལྷུངས་ཟིན་པ་དང་། འཚོལ་ཞིབ་མི་སྣས་གནམ་གྲུའི་ཟགས་རོ་ཁ་ཤས་རྙེད་ཀྱང་སྒམ་ཆུང་ནག་པོ་སྔར་བཞིན་རྙེད་མེད་ཟེར།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།