འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུགས་སྤྲོད་སློབ་མ་ཁྲི་940མཐོ་རྒྱུགས་ནང་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2017ལོའི་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་དེ་ཟླ་6ཚེས་7དང་ཚེས་8ཉིན་ཡིན་པ་དང་། ཞིང་ཆེན་(རང་སྐྱོང་ལྗོངས། གྲོང་ཁྱེར)ཁག་གཅིག་གི་རྒྱུགས་སྤྲོད་སློབ་ཚན་མི་འདྲ་བས་ཚེས་9ཉིན་བར་སྔར་བཞིན་ཡིག་རྒྱུགས་གཏོང་རྒྱུ་རེད། གསར་འགོད་པས་ཚེས་6ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་འདི་ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ནང་མིང་ཐོ་འགོད་མཁན་སློབ་མ་ཁྲི་940ཡོད་པ་རེད། 
           སློབ་གསོ་པུའུ་ཡིས་རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་བསྡུ་ཡིག་རྒྱུགས་སྒྲིག་གཞིས་རྒྱུགས་སྤྲོད་སློབ་མ་རྩ་བར་འཛིན་ནས་རྒྱུགས་སྤྲོད་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་ས་གནས་ཁག་གི་སློབ་གསོའི་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་འཛེར་སྒྲ་བཅོས་སྒྲིག་དང་། འཕྲོད་བསྟེན་རིམས་འགོག ཚ་གདུག་འགོག་སེལ་སོགས་ཐད་ཀྱི་ཕྱོགས་བསྡུས་འགན་ལེན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱུགས་སྤྲོད་སློབ་མ་ཁུ་སིམ་གྱི་ཁོར་ཡུག་ནང་རྒྱུགས་གཏོང་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་ས་ཁུལ་ཁག་གི་སློབ་གསོའི་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐོན་སྲིད་པའི་དམིགས་བསལ་གནམ་གཤིས་དང་། རང་བྱུང་གནོད་འཚེ། རིམས་ནད་མཆེད་པ་སོགས་ཀྱི་འཕྲལ་སྡོམ་དོགས་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། གསུམ་ནས་ས་ཁུལ་ཁག་གི་རྒྱུགས་སྤྲོད་སྒྲིག་གཞིས་ས་གནས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བ་བྱས་ཏེ་དབང་པོ་སྐྱོན་ཅན་རྒྱུགས་སྤྲོད་ནང་ཞུགས་རྒྱུར་སྟབས་བདེ་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།