འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་ཨུཏྤལ་དམར་པོ་རབ་ཏུ་བཞད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་04ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་གོང་མ་ཚང་གི་སྐྱེད་མོས་ཚལ་དུ་བཏབ་པའི་རྗེས་སུ་བོད་ཀྱིས་མི་ཐབས་ལ་བརྟེན་ནས་བཏབ་པའི་ཨུཏྤལ་དམར་པོ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྟོངས་ཉེའི་སྔོ་སྨན་འདེབས་འཛུགས་ལག་རྩལ་ཞིབ་འཇུག་རྟེན་གཞིའི་ནང་རབ་ཏུ་བཞད་ཡོད།
         བོད་ཀྱི་གསོ་བ་རིག་པའི་ནང་། ཨུཏྤལ་སྔོན་པོ་དེ་སྔར་ནས་ད་བར་རྩ་ཆེ་བའི་སྨན་རྒྱུ་ཞིག་ཏུ་རྩི་ཡི་ཡོད། མཚོ་བོད་ས་མཐོར་འཚོ་བའི་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་ནས་ཨུཏྤལ་སྔོན་པོའི་སྨན་གྱི་བདེ་སྲུང་ནུས་པ་ཤེས་ཟིན། སྨན་དེས་གཙོ་བོ་མཆིན་པའི་ནད་དང་། གཅོང་ནད། གཉན་ཚད་ཟུག་འཇོམས་སོགས་ལ་རིན་ཐང་ལྡན་པ་མ་ཟད། སྐྱུག་ལྡང་བྱེད་པ་དང་གློ་ཚད་སོགས་ལའང་ཕན་ཐོགས་ཡོད།
         ཨུཏྤལ་དམར་པོ་དེ་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་བཅས་རྒྱུད་ལ་སྐྱེ་བ་དང་རང་རྒྱལ་གྱི་སྟོངས་ལ་ཉེ་བའི་སྔོ་སྨན་རྩ་ཆེན་གྱི་རིགས་ཤིག་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ཨུཏྤལ་སྔོན་པོར་སྣེ་ཁ་58ཡོད་པ་དང་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་བོད་ཀྱི་སྨན་གཞུང་ནང་དེའི་སྐོར་འཁོད་པར་ཁྱད་པར་ཆེ་ཙམ་ཡོད་ཀྱང་ཨུཏྤལ་དམར་པོའི་སྐོར་བྲིས་པ་གཅིག་མཚུངས་ཡིན་པ་རེད། དེ་ལས་ཨུཏྤལ་དམར་པོ་ནི་ཨུཏྤལ་ཁྲོད་མེ་ཏོག་ཚོད་གཞི་དེ་རང་བཞད་པའི་རིགས་ཤིག་ཡིན་པ་གསལ་བཤད་ཐུབ་ཡོད།
         2009ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་བོད་སྨན་ཞིབ་འཇུག་ཁང་གི་རང་བྱུང་སྨན་རྒྱུ་ཞིབ་འཇུག་སུའོ་ཡིས་ཨུཏྤལ་སྔོན་པོའི་སྨན་རྒྱུ་མཁོ་སྤྲོད་ཀྱི་འགལ་བ་མངོན་གསལ་དོད་པ་དང་། རི་སྐྱེས་ཐོན་ཁུངས་སྟོངས་ལ་ཉེ་བའི་ཉེན་ཁ་ཇེ་ཆེར་འགྲོ་བའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཨུཏྤལ་སྔོན་པོའི་རི་སྐྱེས་ཀྱི་སྨན་རྒྱུའི་ནུས་པ་ཐོན་པར་བྱེད་པའི་འདེབས་འཛུགས་ཀྱི་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་འགོ་བཙུགས་ཤིང་། ཁོང་ཚོས་རྟེན་གཞིའི་ནང་རི་སྐྱེས་སྔོ་སྨན་གསོ་ཐབས་ཀྱི་ཁོར་ཡུག་འདྲ་བཟོ་བྱས་ཁར་སོན་བཏབ་ནས་སྐྱེ་ཐབས་བྱས་ཏེ་དེའི་སྐྱེ་ཁམས་གནས་སྟངས་དང་མཆེ་བ་གཏོང་ཚུལ་སོགས་ལ་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས་པ་མ་ཟད། ཡུལ་དངོས་དང་ཚོད་ལྟ་ཁང་གི་གྲངས་གཞི་བསྡུར་བ་བྱས་ནས་ཞིང་ནང་ཚོད་འདེབས་ཀྱི་ལག་རྩལ་རྒྱུན་གནས་ཡོང་བ་བྱས་པ་དང་། སོན་གྱི་སྐྱེ་ཁམས་ཁྱད་ཆོས་ཀྱི་ཞིབ་འཇུག་ལྷུ་ཚིགས་ཐད་གྲངས་གཞི་དང་སྟོན་གྲངས་ཁག་ལ་ཞིབ་ཚགས་པོས་ཚོད་ལྟ་ར་སྤྲོད་བྱས་ཤིང་། 2016ལོ་བར་མེ་ཏོག་ཆེན་པོ་བཞད་པའི་ཨུཏྤལ་སྔོན་པོ་དང་། ལོ་མ་གཅིག་རྐྱང་བཞད་པའི་ཨུཏྤལ་སྔོན་པོ། ལོ་མ་མཉམ་གཤིབ་བཞད་པའི་ཨུཏྤལ་སྔོན་པོ་སོགས་ཀྱི་སོན་འདེབས་ལག་རྩལ་ལམ་ལྷོངས་བྱུང་ནས་གཞི་ཁྱོན་ཆེན་པོའི་ངང་འདེབས་རྒྱུར་འགག་སྒྲོལ་གྱི་གོམ་སྟབས་སྤོ་ཐུབ་པ་བྱུང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།