འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཁག་དང་2017ལོའི་མཐོ་
    རྒྱུགས་བདེ་འཇགས་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 《ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལག་བསྟར་བསམ་འཆར་》ལག་བསྟར་དོན་འཁྱོལ་དང་། 2017ལོའི་མཐོ་རྒྱུགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན། ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་དང་དོན་འཁྱོལ་བཅས་བྱེད་ཕྱིར། ཉེ་དུས་སློབ་གསོ་པུས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཁག་གི་མཐོ་སློབ་སློབ་བསྡུ་ཨུ་ལྷན་དང་མཐོ་རྒྱུགས་བདེ་འཇགས་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་རེད།
         འགན་འཁྲིའི་ཡི་གེའི་ནང་། ཞིང་ཆེན་སློབ་བསྡུ་ཨུ་ལྷན་ནི་རང་ཁོངས་གཏོགས་ཀྱི་མཐོ་རྒྱུགས་ལས་དོན་གྱི་སྒྲིག་འཛུགས་མཁན་དང་འགོ་ཁྲིད་མཁན་ཡིན་པ་མ་ཟད། མཐོ་རྒྱུགས་ཁོར་ཡུག་བཅོས་སྐྱོང་དང་། ཡིག་རྒྱུགས་བདེ་འཇགས་སྲུང་སྐྱོང་། རྒྱུགས་སྲོལ་ལམ་ལུགས་བཅོས་སྒྲིག ཡིག་རྒྱུགས་སྒྲིག་འཛུགས་དང་སློབ་བསྡུ་བཅས་བྱེད་པའི་འགན་འཁྲིའི་བྱེད་པོ་ཡང་ཡིན། ཞིང་ཆེན་སློབ་བསྡུ་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོ་ནི་འགན་འཁུར་བ་ཨང་དང་པོ་ཡིན་པ་དང་། སློབ་གསོ་ཐིང་(སློབ་ཨུད་)གི་ལས་བགོས་འགན་འཁུར་དང་ཞིང་ཆེན་རིམ་པའི་ཡིག་རྒྱུགས་སྒྲིག་གཞིའི་འགན་འཁུར་བ་གཙོ་བོ་ནི་ཐད་ཀའི་གཙོ་འགན་འཁུར་མཁན་ཡིན་པ། ཞིང་ཆེན་སློབ་བསྡུ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོས་རང་སྡེ་ཚན་གྱི་མཐོ་རྒྱུགས་འགན་འཁྲིའི་ཁྱབ་ཁོངས་ཀྱི་ལས་ཀའི་འགན་ཚང་མ་འཁུར་དགོས་པ་བཅས་ཁ་གསལ་འཁོད་ཡོད།
         འགན་འཁྲིའི་ཡི་གེའི་ནང་། ས་གནས་ཁག་གིས་དུས་བབ་ལ་དབྱེ་ཞིབ་དང་། དམིགས་ཚད་ཁ་གསལ། འགན་འཁྲི་སྔར་བས་དོན་འཁྱོལ་བཅས་བྱས་ཏེ། འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག རྒྱུགས་ཤོག་འདོན་པ་དང་། རྒྱུགས་ཤོག་པར་རྒྱག དབོར་སྐྱེལ། དོ་དམ་ཉར་ཚགས། ཡིག་རྒྱུགས་གཏོང་བ། རྒྱུགས་ཤོག་ལ་བཅོས་རྒྱག་པ། སློབ་བསྡུ་བཅས་དང་དེ་བཞིན་ཆ་འཕྲིན་བདེ་འཇགས་སོགས་ཀྱི་ཐད་བྱ་ཐབས་ནུས་ལྡན་སྤྱད་དེ་མཐོ་རྒྱུགས་བདེ་འཇགས་དང་བདེ་བླག་ངང་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
        འགན་འཁྲིའི་ཡི་གེའི་ནང་། ས་གནས་ཁག་གིས་མུ་མཐུད་མཐོ་སློབ་སློབ་བསྡུའི“ཡོངས་བསྒྲགས་འདུ་འགོད”ལག་ལེན་གཏིང་ཟབ་བསྟར་ནས་སློབ་བསྡུའི་ཆ་འཕྲིན“ཡོངས་བསྒྲགས་བཅུ”ཐུབ་པ་བྱེད་པ་ལས་སྒྲིག་འགལ་གྱི“མིང་འབོད་སློབ་བསྡུ”དང་ཚད་གཞི་གཅོག་པའི་སྒྲིག་འགལ་གྱི་སློབ་མ་བསྡུ་བའི་ས་གནས་ཀྱི་སྲིད་ཇུས་འདོན་མི་ཆོག་པར། སློབ་མའི་ཐོབ་ཐང་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ་དང་མཐོ་སློབ་ཀྱི་དམིགས་བསལ་ཅན་གྱི་སློབ་མ་བསྡུ་རྒྱུ་ཚད་ལྡན་བཟོ་དགོས་པ་མ་ཟད། རང་རྟོགས་ངང་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།