འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གཉིས་ཀྱི་རིན་གོང་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གཉིས་ཀྱི་རིན་གོང་མཐོ་རུ་བཏང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་གསར་འགྱུར་སྤེལ་ཏེ་ཉེ་དུས་རྒྱལ་སྤྱིའི་ཚོང་རའི་སྣུམ་གོང་འགྱུར་ལྡོག་བྱུང་ཚུལ་ལ་གཞིགས་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྣུམ་གྲུབ་མའི་རིན་གོང་གྲུབ་པའི་རྐྱེན་སྲོལ་ལ་གཞིགས་ནས་ཟླ་5ཚེས་24ཉིན་གྱི་ཆུ་ཚོད་24:00ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་སོ་སོའི་རིན་གོང་ཏུན་རེར་སྒོར་140དང་སྒོར་135རེ་སྤར་རྒྱུ་ཡིན་ཞིང་། ཕབ་རྩིས་བྱས་ན་སྤྱི་རྒྱ་རེར་སྒོར་ཟུར་རེ་འཕར་རྒྱུ་རེད་ཅེས་བརྗོད་པ་རེད།
         རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་ཡིས་ཀྲུང་གོའི་རྡོ་སྣུམ་དང་། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཀྲུང་གོའི་རྒྱ་མཚོ་རྡོ་སྣུམ་བཅས་ཀུང་སི་ཆེན་པོ་གསུམ་གྱིས་སྣུམ་གྲུབ་མ་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ཏེ་ཚོང་རར་འདོན་སྤྲོད་བརྟན་པོ་བྱེད་པར་འགན་ལེན་ཏན་ཏིག་བྱས་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟན་ནན་ཏན་བྱེད་དགོས། རིན་གོང་དོ་དམ་སྡེ་ཁག་རིམ་པ་ཁག་གིས་ཚོང་རར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ནན་མོ་བྱས་ཏེ་ཚོང་རའི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། འཛད་སྤྱོད་པས་རིན་གོང་ལྟ་སྐུལ་དོ་དམ་ལས་སྟེགས་ཀྱི་ཨང་གྲངས་12358བརྒྱུད་ནས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་ཆོག་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།