འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཡའོ་ཐེབས་རྩའི་ཕུགས་རེའི་སློབ་ཆུང་གི་ལན་ཆིའུ་སྤོ་ལོའི་དུས་ཚིགས་ཞེས་པའི་
    བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་གསར་འགོད་པས་ཡའོ་ཐེབས་རྩ་ནས་ཤེས་རྟོགས་བྱས་པར། “2017ལོའི་ཡའོ་ཐེབས་རྩའི་ཕུགས་རེའི་སློབ་ཆུང་གི་ལན་ཆིའུ་སྤོ་ལོའི་དུས་ཚིགས”ཞེས་པའི་རྒྱལ་ཡོངས་ཀྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཡོད། འདི་ལོའི་ལན་ཆིའུ་སྤོ་ལོའི་བྱེད་སྒོ་རྒྱལ་ཡོངས་ཀྱི་ཞིང་ཆེན་21གི་སློབ་གྲྭ་447དུ་སྤེལ་རྒྱུ་ཡིན་ཞིང་། མཐོ་སློབ་བཅུ་གྲངས་ནས་ཡོང་བའི་སློབ་ཆེན་སློབ་མའི་དང་བླངས་པ་455གྲོང་གསེབ་ཀྱི་སློབ་གྲྭར་བསྐྱོད་དེ་ལུས་རྩལ་སློབ་སྐྱོར་དང་སློབ་ཆུང་སློབ་མར་ལན་ཆིའུ་སྤོ་ལོ་གསོ་སྦྱོང་བྱ་རྒྱུ་རེད།
          གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ལན་ཆིའུ་སྤོ་ལོའི་སློབ་སྐྱོར་ཕུད། ཨན་ཧུའེ་ཡི་ཚོད་ལྟ་བྱ་ཡུལ་སློབ་ཆུང་17དུ་རྐང་རྩེད་སྤོ་ལོའི་སློབ་སྐྱོར་བྱ་རྒྱུ་རེད། དེ་དང་དུས་མཚུངས་སློབ་གྲྭའི་ལས་སྟེགས་སྒོ་ཕྱེ་ནས་ཁོར་ཡུག་སྲུང་སྐྱོང་པུའུ་དང་མཉམ་འབྲེལ་ཐོག་སི་ཁྲོན་དེ་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ཁོར་ཡུག་སྲུང་སྐྱོང་སློབ་གསོ་སློབ་གྲྭར་སྤེལ་བའི་རྣམ་གྲངས་ལག་བསྟར་བྱ་རྒྱུ་རེད། གཞན་ཡང་རིམ་མཚུངས་མཉམ་འགྲན་གྱི་གཞི་ཁྱོན་ཡང་སྐབས་གོང་མ་ལས་སྔར་བས་ཆེ་རུ་བཏང་སྟེ་ཀོང་ཏུང་དང་ཀོང་ཤིས་ཀྱི་འགྲན་ཁུལ་དེ་ཞིང་ཆེན་རིམ་པའི་འགྲན་ཁུལ་གསར་པར་བརྩིས་ནས་དེའི་ནང་ཞུགས་རྒྱུ་དང་འགྲན་བསྡུར་བྱ་ཡུལ་ཡང་ཨན་ཧུའེ་འགྲན་ཁུལ་དང་། སི་ཁྲོན་འགྲན་ཁུལ། ལྷོ་ནུབ་འགྲན་ཁུལ་(ཡུན་ནན་དང་ཀུའེ་ཀྲོའུ) ནུབ་བྱང་འགྲན་ཁུལ། ཀོང་ཏུང་འགྲན་ཁུལ། ཀོང་ཤིས་འགྲན་ཁུལ་བཅས་འགྲན་ཁུལ་ཆེན་པོ་དྲུག་བར་རྒྱ་ཆེར་གཏོང་རྒྱུ་རེད།
         ཡའོ་མིང་གིས་གཙོ་གཉེར་ཕྱོགས་ཀྱི་ཚབ་བྱས་ཏེ་2017ལོའི་ལན་ཆིའུ་སྤོ་ལོའི་དུས་ཚིགས་རྒྱལ་ཡོངས་གཅིག་སྡུད་སྦྱོང་བརྡར་དང་རིམ་མཚུངས་མཉམ་འགྲན་གཉེར་མཁན་ནན་ཅིང་གྲོང་ཁྱེར་ལ་དར་ཆ་སྤྲད་པ་རེད། ཁོང་གིས་འདི་ལོའི་ཟླ་བ་བརྒྱད་པའི་ཟླ་དཀྱིལ་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་ཅང་སུའུ་ཡི་དགེ་སློབ་བརྒྱད་བརྒྱ་ལྷག་ཙམ་ནན་ཅིང་དུ་འཛོམས་ཏེ་ལན་ཆིའུ་སྤོ་ལོའི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།