འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཡུག་རེན་ལ་འཚམས་འདྲི་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་ནས་ཚེས་23ཉིན་བར་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཡུག་རེན་ལ་འཚམས་འདྲི་བྱེད་པར་བསྐྱོད་དེ་ཡུག་རེན་གྱི་དབྱི་ཧུའེ་གྲོས་ཚོགས་དང་། རིག་གནས་པུའུ། ཚན་རིག་ཁང་། སློབ་ཆེན། སྨྱན་སྦྱོར་ལས་ཁུངས་སོགས་སྤྱི་ཚོགས་ལས་རིགས་ཁག་དང་སྤེལ་རེས་བྱས་པ་དང་། བོད་ཀྱི་རིག་གནས་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།
         སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་ཀྲུང་གོ་སྲིད་གཞུང་གིས་ཕུལ་དུ་བྱུང་བའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བྱེད་པར་རྩིས་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དང་། བོད་ཀྱི་རིག་གནས་རྒྱལ་ཁབ་ཕྱི་ནང་དང་སྤེལ་རེས་དང་མཉམ་ལས་བྱེད་པར་རྩིས་མཐོང་ཆེན་པོ་གནང་གི་ཡོད། ཐེངས་འདིའི་སྤེལ་རེས་ཚོགས་པ་ཡུག་རེན་ལ་འཚམས་འདྲི་བྱེད་པར་ཡོང་བ་ནི་ཡུག་རེན་གྱི་དམངས་ཚོགས་ཀྱིས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ཀྲུང་གོ་དང་ཡུག་རེན་ཕྱོགས་གཉིས་ཀྱིས་བོད་ཀྱི་རིག་གནས་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིག་གཞུང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དུ་ཡིན་ཞེས་བསྟན་པ་རེད།
         ཡུག་རེན་ཕྱོགས་ཀྱིས་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་འཚམས་འདྲི་བྱེད་པར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་དང་། ཀྲུང་གོའི་ཕྱོགས་དང་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་དང་། བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་ཐད་ལ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་བསྟན་པ་དང་། ཡུག་རེན་ཕྱོགས་ཀྱིས་ད་དུང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བཞག་ཁག་ལ་ཡར་རྒྱས་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་ཐོབ་པ་དང་། དེ་བཞིན་བོད་ལྗོངས་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་ཐོབ་པར་བསྟོད་ར་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།