འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་སི་ཁྲོན་གྱིས་གཙོ་གནད་མ་འཇོག་བྱེད་པའི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་
    འདུ་འགོད་དྲུག་གཅིག་མཇུག་གཉིས་མཐུད་ངང་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《2017ལོའི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་དྲུག་གི་འཆར་གཞིའི་སྤྱིའི་ལས་དོན་ཇུས་གཞི་》དང་དེ་བཞིན་དབུལ་སྐྱོར་དཀའ་སེལ་བྱ་སྤྱོད་དང་། ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་ལ་སྐུལ་འདེད། སློབ་གསོ་འཕེལ་རྒྱས་དང་དར་རྒྱས། སྨན་བཅོས་འཕྲོད་བསྟེན་ལེགས་གཏོང་། རིག་གནས་འཕེལ་རྒྱས་དང་དར་རྒྱས། བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་སོགས་ལག་བསྟར་ཇུས་གཞི་དྲུག་(“1+6”འཆར་འགོད་ཅེས་བསྡུ་རྒྱུ་)པར་འགྲེམས་བྱས་ཤིང་། སྔོན་དཔག་བྱས་ན་འདི་ལོ་དམངས་འཚོའི་འདུ་འགོད་ཁག་ལ་མ་དངུལ་སྒོར་དུང་ཕྱུར་66.69ཙམ་གཏོང་རྒྱུ་དང་མིག་སྔར་ལས་གྲྭ་ཁ་ཤས་གཅིག་མཇུག་གཉིས་མཐུད་ངང་ལས་འགོ་ཚུགས་ཡོད་པ་རེད།
       2017ལོའི་སི་ཁྲོན་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་དྲུག་གི་འཆར་གཞིའི་མ་དངུལ་གྱི་ཡོང་ཁུངས་གཙོ་བོ་ནི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཡིན་པ་དང་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་གནས་ཀྱི་ལྷན་སྦྱར་མ་དངུལ་ཚང་མ་སི་ཁྲོན་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྤྱི་འདོམས་ཐག་གཅོད་བྱེད་པ་ལས་ཀྲོའུ་དང་རྫོང་གིས་གཏོང་དགོས་ཀྱི་མེད། ཀྲོའུ་དང་རྫོང་ནས་སྤྲོད་པའི་སྲིད་ཇུས་ཁ་གསབ་མ་དངུལ་ལ་ལོ་འགོའི་ཞིང་ཆེན་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་ཁྲོད་བསམ་གཞིག་གང་ལེགས་བྱས་པ་དང་། ཁྱོན་སྒོར་དུང་ཕྱུར་0.89ཟིན་པ་དེས་1.3%བཟུང་བ། ཀྲོའུ་དང་རྫོང་གི་མ་འཇོག་བསྡུར་ཚད་དེ་གོང་ལོ་འཁོར་ལས་སྔར་བས་ཆག་ཡོད་པ་རེད།
        འདི་ལོ་སི་ཁྲོན་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་དྲུག་གི་འཆར་གཞི་ལས་དབུལ་སྒྲོལ་འགག་སྒྲོལ་གྱི“དོན་ཆེན་ཨང་དང་པོ”སྔར་བས་མངོན་ཞིང་། སི་ཁྲོན་ཞིང་ཨུད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བོད་རིགས་ས་ཁུལ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་ལས་འགན་མངོན་གསལ་དོད་ཤོས་སུ་བརྩི་དགོས་པའི་བླང་བྱ་གཞིར་བཟུང“1+6”ཇུས་གཞི་དེ“ཁག་གཅིག་རེ་ལྔ”ཡི་དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་འཆར་གཞི་དང་དབུལ་སྐྱོར་ཆེད་དམིགས་རྣམ་གྲངས་22ཀྱི་2017ལོའི་ལག་བསྟར་ཇུས་གཞི་དང་སྦྲེལ་མཐུད་ཀྱིས་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་ཞུགས་གསོ་སྦྱོང་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག ལས་རིགས་སློབ་གསོ། སློབ་མའི་དམིགས་བསལ་རོགས་དངུལ་སོགས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྔར་བས་གཟིགས་སྐྱོང་བྱ་རྒྱུ་དང་། དབུལ་ཞིང་ཕོངས་པའི་སྐྱ་གྲིབ་ཕོག་པའི་ནད་པར་མིག་ཤེད་སླར་གསོའི་གཤགས་བཅོས་ཀྱི་རྣམ་གྲངས་དང་རིག་གནས་དམངས་ཕན་དབུལ་སྐྱོར་ཆེད་དོན་བྱ་སྤྱོད་སོགས་ཤུགས་ཆེན་སྤེལ་རྒྱུ། དབུལ་པོའི་ཉེན་ཡོད་ཁང་པ་གསར་སྐྲུན་བྱ་རྒྱུ་དང་ཆབས་ཅིག་དབུལ་སྐྱོར་གྲོང་གསར་གྱི་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།