འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཐོག་མར་མཚོ་ཁོངས་ནས་འབར་འཁྱགས་ཚོད་ལྟའི་བསྡུ་ལེན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་རྒྱལ་གྱིས་ཐོག་མར་མཚོ་ཁོངས་ནས་འབར་འཁྱགས་ཚོད་ལྟའི་བསྡུ་ལེན་ཐུབ་པ།
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན། རང་རྒྱལ་གྱི་ལྷོ་རྒྱ་མཚོའི་ཧྲེན་ཧུའུ་མཚོ་ཁོངས་ཀྱི་རང་བྱུང་སོལ་རླངས་ཆུ་འདྲེས་དངོས་པོ་(མིང་གཞན་ལ་འབར་འཁྱགས་ཟེར)ཚོད་ལྟའི་བསྡུ་ལེན་བསྟུད་མར་ཆུ་ཚོད་187རིང་བརྟན་འཇགས་མངོན་འགྱུར་བྱུང་ཞིང་། འདི་ནི་རང་རྒྱལ་གྱིས་ཐོག་མར་མཚོ་ཁོངས་ནས་འབར་འཁྱགས་ཚོད་ལྟའི་བསྡུ་ལེན་ལེགས་གྲུབ་བྱུང་སྟེ། "ཀྲུང་གོའི་གཞུང་ལུགས"དང"ཀྲུང་གོའི་ལག་རྩལ།" "ཀྲུང་གོའི་སྒྲིག་ཆས"བཅས་འདུས་ནས་གྲུབ་འབྲས་འབུར་ཐོན་བླངས་པ་རེད། ཀྲུང་གོའི་མི་དམངས་ཡང་བསྐྱར་འཛམ་གླིང་ཚན་རྩལ་གྱི་རྩེ་མོར་སླེབས་ཤིང་། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་ཤུགས་རྐྱེན་གཏིང་ཟབ་ཐེབས་རྒྱུ་ཡིན་པ་རེད།
           ཟླ་5ཚེས་10ཉིན་ནས་བཟུང་། འཛད་མེད་ཀྱི་རང་བྱུང་སོལ་རླངས་དེ་གཏིང་ཚད་སྨི་1200ཙམ་ཟིན་པའི་རྒྱ་མཚོའི་གཏིང་རིམ་སྨི་200ཡི་ས་ནས་སྔོག་འདོན་བྱེད་ཐུབ་ཅིང་། འཛམ་གླིང་གི་མཚོ་ཐོག་དོང་རྐོའི་སྟེགས་བུ་ཆེས་ཆེ་བ"ཆུ་སྲིན་སྔོན་པོ་དང་པོ་རྟགས"ཀྱི་མེ་འཕྱུར་སྒྲིག་ཆས་སྤར་བ་རེད། འདི་ནི་རང་རྒྱལ་དང་། འཛམ་གླིང་དུའང་ཐོན་འབོར་གྱི་ཚད་90%ཟིན་པ་དང་སྔོག་འདོན་ཤིན་ཏུ་ཤུན་ཏུ་དཀའ་བའི་འདམ་ཅན་གསོག་འཇོག་བང་རིམ་གྱི་འབར་འཁྱགས་ཚོད་ལྟའི་བསྡུ་ལེན་ལེགས་གྲུབ་བྱུང་བ་ཐོག་མ་ཡིན་པ་རེད།
          ལྷོ་རྒྱ་མཚོའི་མཚོ་ཁོངས་ནི་རང་རྒྱལ་གྱི་འབར་འཁྱགས་ཁྱབ་ཁོངས་གཙོ་ཆེ་ཤོས་དེ་ཡིན་ལ། འབར་འཁྱགས་ཐོན་ཁུངས་གསོག་ཚད་ནི་རྡོ་སྣུམ་གསོག་ཚད་ཏུན་དུང་ཕྱུར་1000ལྷག་ཙམ་དང་མཚུངས་ཤིང་། དེའི་ནང་ཏུན་དུང་ཕྱུར་800ལྷག་ཙམ་ལྷོ་རྒྱ་མཚོ་རུ་ཡོད་པ་རེད།
    ༄༅།།རང་རྒྱལ་གྱིས་ཐོག་མར་མཚོ་ཁོངས་ནས་འབར་འཁྱགས་ཚོད་ལྟའི་བསྡུ་ལེན་ཐུབ་པ།
      

    ཕྱོགས་བསྡུས་གསར་འགྱུར།