མི་དམངས་དྲ་བ།

༄༅།།"ཀྲུང་གོ་གཉིས"དང"ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག" "ཐའེ་ཝན་རང་བཙན"སོགས་
ཀྱི་རེ་ངན་བཅངས་པ་ཚང་མ་ཕམ་ཁ་ཡོང་ངེས་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཐའེ་ཝན་གྱིས་ཉི་ཧོང་དང་སྤེལ་རེས་ཀྱི་དཀར་ཁུང་གི་མིང་བསྒྱུར་བའི་སྐོར་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་གཏམ་བརྗོད་པ་ཨན་ཧྥེང་ཧྲན་གྱིས་ཟླ་5ཚེས་18ཉིན། དྲི་བ་བཏོན་པའི་ལན་དུ"ཀྲུང་གོ་གཉིས"དང"ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག" "ཐའེ་ཝན་རང་བཙན"སོགས་ཀྱི་རེ་ངན་བཅངས་པ་ཚང་མ་ཕམ་ཁ་ཡོང་ངེས་ཡིན་ཞེས་བརྗོད་པ་རེད།
            ཐའེ་ཝན་གྱིས་ཉི་ཧོང་དང་སྤེལ་རེས་ཀྱི་དཀར་ཁུང་གི་མིང་ལ"ཨེ་ཤེ་ཡ་ཤར་མའི་འབྲེལ་བའི་མཐུན་ཚོགས"ཞེས་པ་དེ་ཟླ་5ཚེས་17ཉིན"ཐའེ་ཝན་དང་ཉི་ཧོང་གི་འབྲེལ་བའི་མཐུན་ཚོགས"ཞེས་པར་བསྒྱུར་བའི་སྐོར་ལ་གསར་འགོད་པ་ཞིག་གིས་སྐམ་ས་ཕྱོགས་ནས་ལྟ་སྟངས་ཅི་འདྲ་ཞིག་བཟུང་ཡོད་དམ་ཞེས་དྲི་བ་བཏོན།
            ཨན་ཧྥེང་ཧྲན་གྱིས་གོང་གསལ་དེར་ཕྱི་འབྲེལ་པུའུ་ཡིས་ང་ཚོའི་ལངས་ཕྱོགས་བརྟན་པོ་བསྟན་ཡོད་པ་མ་ཟད། ཉི་ཧོང་ཕྱོགས་ལ་དྲང་ནན་གྱི་སྐད་ཆ་བཏང་ཡོད་པ་རེད། འདི་ནས་ནན་བཤད་བྱེད་རྒྱུ་ནི་རྒྱལ་སྤྱིའི་ཐོག་དོན་རྐྱེན་བསླངས་ནས"ཀྲུང་གོ་གཉིས"དང"ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག" "ཐའེ་ཝན་རང་བཙན"སོགས་ཀྱི་རེ་ངན་བཅངས་པ་ཚང་མ་འབྲས་མེད་ཡིན་ལ། ཕམ་ཁ་ཡང་ཡོང་ངེས་ཡིན་ཞེས་བརྗོད་པ་རེད།