འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཟུར་པ་ལི་ཁྲེན་ཡུན་གཞུང་
    གཏུག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཟུར་པ་ལི་ཁྲེན་ཡུན་གཞུང་
གཏུག་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དྲ་ཚིགས་ནས་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཟུར་པ་ལི་ཁྲེན་ཡུན(李成云)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་གཞུང་གཏུག་ཞུས་པ་རེད།
         སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཟུར་པ་ལི་ཁྲེན་ཡུན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་བཙུགས་བྱས་པ་བརྒྱུད། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མྱུལ་ཞིབ་མཇུག་བསྒྲིལ་རྗེས་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་ལ་འདྲི་དཔྱོད་ཞུ་གཏུག་བྱ་རྒྱུར་སྐྱེལ་སྤྲོད་བྱས་པ་རེད། ཉེ་ཆར། ལིའུ་ཕན་ཧྲུའེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལིའུ་ཕན་ཧྲུའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་ཞུས་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་གཏུག་ཞུས་པ་ལས། གྱོད་ཡ་ལི་ཁྲེན་ཡུན་གྱིས་ཀྲུང་གུང་ཏེ་དབྱང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་སོགས་ཀྱི་གོ་གནས་ཁུར་བའི་སྟབས་བདེ་བེད་སྤྱད་དེ་གཞན་གྱི་དོན་དུ་ཁེ་ཕན་རེག་ཐབས་བྱས་ཏེ་ཐད་ཀར་རམ་འབྲེལ་བ་དམིགས་བསལ་ཡོད་པའི་མི་བརྒྱུད་དེ་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་འབོར་ཆེན་བླངས་པས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་ཀྱི་ཐོག་ནས་ཁོའི་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས་ཞེས་ཉེས་བགྲང་ཞུ་གཏུག་བྱས་པ་རེད།
         གོང་གི་གྱོད་གཞིའི་ཐད་ཞིབ་དཔྱོད་ལས་ཁུངས་ཀྱིས་འདྲི་དཔྱོད་ཞུ་གཏུག་བྱེད་སྐབས་ཁྲིམས་ལྟར་གྱོད་ཡར་གཏུག་བཤེར་གྱི་ཁེ་དབང་ཡོད་པ་གསལ་བཤད་བྱས་པ་དང་། གྱོད་ཡར་འདྲི་རྩད་བྱས་ལ། བཤེར་རྩོད་དག་འབུད་བྱེད་མཁན་གྱི་བསམ་འཆར་ཡང་ཉན་ནས་ཁྲིམས་ལྟར་གྱོད་ཡའི་གཏུག་བཤེར་གྱི་དབང་ཆ་ཁག་འགན་སྲུང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།