འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བྷེ་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཆེ་ཨེར་ནོ་པེ་ལིའི་ཉིང་རྡུལ་དོན་རྐྱེན་བྱུང་ནས་ལོ་31འཁོར་
    བར་རྗེས་དྲན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བྷེ་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཆེ་ཨེར་ནོ་པེ་ལིའི་ཉིང་རྡུལ་དོན་རྐྱེན་བྱུང་ནས་ལོ་31འཁོར་
བར་རྗེས་དྲན་ཞུས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། ཨུ་རུ་སུ་དཀར་པོའི་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མི་སྣས་རྒྱལ་ས་མིང་སི་ཁོ་(Minsk)གྲོང་ཁྱེར་དུ་ཆེ་ཨེར་ནོ་པེ་ལིའི་(Chernobyl)ཉིང་རྡུལ་དོན་རྐྱེན་བྱུང་ནས་ལོ་31འཁོར་བར་རྗེས་དྲན་ཞུས་པ་རེད།
          1986ལོའི་ཟླ་4ཚེས་26ཉིན། ཡུག་རེན་རྒྱལ་ཁབ་བྱང་རྒྱུད་ཀྱི་བྷེ་ཨུ་རུ་སུ་རྒྱལ་ཁབ་དང་བར་ཐག་ཉེ་བའི་མཐའ་མཚམས་སུ་སུའུ་ལེན་དུས་ཀྱི་ཆེ་ཨེར་ནོ་པེ་ལིའི་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་ཨང་བཞི་པར་འབར་གས་བྱུང་སྟེ་འཕྲལ་མར་མི་30རྐྱེན་ལམ་དུ་ཤོར་ཅིང་། ཁྱབ་འགྱེད་ཆེ་བའི་དངོས་པོ་ཏུན་8ཙམ་ཤོར་ཏེ། ཉིང་རྡུལ་ཕྱིར་ཐོན་གྱི་དོན་རྐྱེན་འདིས་ཉིང་རྡུལ་གློག་ཁང་ཉེ་འཁོར་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི་6ཙམ་གྱི་ས་ཁྱོན་ཐད་ཀར་འབག་བཙོག་བཟོས་ཤིང་། མི་ཁྲི་320ཙམ་ལ་ཉིང་རྡུལ་ཁྱབ་འགྱེད་ཀྱི་གནོད་འཚེ་ཐེབས་པས། ད་བར་དུ་མིའི་རིགས་ཀྱིས་ཞི་བདེའི་ངང་རྡུལ་ནུས་བཀོལ་སྤྱོད་བྱས་པའི་ལོ་རྒྱུས་ཐོག་དོན་རྐྱེན་ཚབས་ཆེ་ཤོས་ཤིག་ཡིན་པ་རེད།
    ༄༅།།བྷེ་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཆེ་ཨེར་ནོ་པེ་ལིའི་ཉིང་རྡུལ་དོན་རྐྱེན་བྱུང་ནས་ལོ་31འཁོར་
བར་རྗེས་དྲན་ཞུས་པ།
    ༄༅།།བྷེ་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཆེ་ཨེར་ནོ་པེ་ལིའི་ཉིང་རྡུལ་དོན་རྐྱེན་བྱུང་ནས་ལོ་31འཁོར་
བར་རྗེས་དྲན་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།