འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གཞོན་ནུ་དང་བླངས་པ་ཁྲི་13ལྷག་ཙམ་ལ་རིན་མེད་འགན་བཅོལ་ཞབས་ཞུ་
    ལོངས་སུ་སྤྱོད་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རང་མིང་ཐོ་འགོད་བྱས་པའི་གཞོན་ནུ་དང་བླངས་པ་ཚང་མར་དང་བླངས་པའི་འགན་བཅོལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། དང་བླངས་པ“དང་བླངས་ཀྲུང་གོའི”དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པའི་ཞབས་ཞུའི་ལས་དོན་སྤེལ་བ་དང་དེ་བཞིན་འབྲེལ་ཡོད་གསོ་སྦྱོང་བྱེད་པའི་ཁྲོད་བསམ་ཡུལ་ལས་འདས་པར་གནོད་འཚེ་ཕོག་པ་ཡིན་ན། དེ་དག་ཚང་མ་འགན་ལེན་ཁྱབ་ཁོངས་སུ་འཇུག་ཆོག་གི་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་གྱིས་2016ལོའི་ཟླ་11པར་དང་བླངས་པའི་རང་མིང་ཐོ་འགོད་ཞབས་ཞུའི་ལས་དོན་སྤེལ་འགོ་བཙུགས་ཤིང་། མིག་སྔའི་བར་རིགས་ཁག་གི་གཞོན་ནུ་དང་བླངས་རྩ་འཛུགས་219ཡོད་པ་དེ་དག“དང་བླངས་ཀྲུང་གོ”དྲ་ཚིགས་ཐོག་ཐོ་འགོད་བྱས་པ་དང་། ཐོ་བཀོད་པའི་གཞོན་ནུ་དང་བླངས་པ་ཁྲི་13.8ཟིན་ཡོད་པ་རེད།
         ཐོ་བཀོད་པའི་གཞོན་ནུ་དང་བླངས་པར་ཆ་མཚོན་ན། དེ་དག་ལ་དང་བླངས་པའི་འགན་བཅོལ་གཅིག་འགྱུར་ཐོག་ཉོ་སྒྲུབ་བྱས་ཡོད། གལ་སྲིད་དང་བླངས་པར་དང་བླངས་ཞབས་ཞུའི་ལས་དོན་སྤེལ་རིང་སྟབས་མི་ལེགས་པ་བྱུང་ཚེ་མཐོ་ཤོས་ལ་སྒོར་ཁྲི་60ཡི་སྟབས་མི་ལེགས་པར་ཚེ་ལས་འདས་པའམ་ཡང་ན་བསམ་ཡུལ་ལས་འདས་པར་རྨས་སྐྱོན་ཕོག་པའི་འགན་ལེན་དང་། རིམ་བསགས་འགན་འཁྲིའི་དངུལ་འབོར་སྒོར་ཁྲི་200ཡིན་པའི་ཕྱོགས་གསུམ་པའི་འགན་འཁྲིའི་འགན་ལེན་ཐོབ་རྒྱུ་རེད།
         མཚོ་སྔོན་གཅེས་སེམས་རོགས་སྐྱོར་དང་བླངས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཀྲའོ་དབན་ཅིན་གྱིས“ང་ཚོས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་སློབ་སྐྱོར་གྱི་དང་བླངས་ཞབས་ཞུ་རྟག་ཏུ་རི་ཁུལ་དུ་སྤེལ་བར་འགྲོ་གི་ཡོད། ལམ་བར་དུ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་ཀྱང་། སྔོན་ཆད་འགན་བཅོལ་ཉོ་རྒྱུ་མེད། གལ་སྲིད་སྟབས་མི་ལེགས་པ་བྱུང་ན། དང་བླངས་པ་རང་ཉིད་ཀྱིས་འགྲོ་གྲོན་གཏོང་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་འགན་བཅོལ་གྱི‘ མཐའ་སྐྱོང’ཡོད་པས། དང་བླངས་པ་ཚོས་ཞབས་ཞུ་མཁོ་འདོན་བྱེད་སྐབས་སྔར་བས་བློ་བདེ་རུ་ཕྱིན་ཡོད”ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་དང་བླངས་པ་དང་བླངས་ཞབས་ཞུའི་ནང་ཞུགས་སྐབས་ཐོ་རྒྱག་གི་ཡོད་པ་མ་ཟད། དེ་དྲང་ཕྱོགས་ཀྱི་ཡར་སྐུལ་ལ་སྒྱུར་བ་བྱས་ཏེ་དངུལ་བུན་གཡར་བ་དང་། སློབ་རིམ་འཕར་བ། ལས་ཀར་ཞུགས་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་འབྲེལ་བ་བྱེད་ཀྱི་ཡོད་པས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དང་བླངས་ལམ་སྲོལ་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།