འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་མི་7442ཆེད་ལས་ཞིང་འབྲོག་པ་གསར་པར་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2013ལོར་མཚོ་སྔོན་གྱིས་ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྦྱོང་བྱེད་པའི་ལས་དོན་སྤེལ་འགོ་བཙུགས་ཚུན། མིག་སྔར་ཞིང་འབྲོག་པ་མི་ཐེངས་ཁྲི་3.25ལ་གསོ་སྦྱོང་བྱས་པ་དང་མི་7442ཆེད་ལས་ཞིང་འབྲོག་པ་གསར་པར་གཏན་འཁེལ་བྱས་པ་རེད།
          ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་བརྟག་ཞིབ་མཐིལ་རྟོགས་བྱས་པའི་རྨང་གཞིའི་ཐོག་ལོ་16ནས་60བར་གྱི་ཐོན་ལས་རྨང་གཞི་དང་རིག་གནས་ཆུ་ཚད་ངེས་ཅན་ལྡན་པའི་འདེབས་འཛུགས་དུད་ཆེན་དང་། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བའི་གཉེར་སྐྱོང་བ། ཁྱིམ་ཚང་ཞིང་རའི་གཉེར་སྐྱོང་བ། ཞིང་འབྲོག་པ་མཉམ་ལས་ཁང་གི་རྐང་འཛིན་པ། ཞིང་ལས་ཁེ་ལས་ཀྱི་འགན་འཁུར་བ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཀྱི་ཞབས་ཞུའི་འཇོན་ཐང་ཅན་བཅས་ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱ་ཡུལ་དུ་གནད་སྨིན་གཏན་འཁེལ་བྱས་པས། གསོ་སྦྱོང་བྱ་ཡུལ་དེ་དུད་ཚང་ཁྲི་སྟོང་ནས་འདེབས་འཛུགས་གསོ་ཚགས་དུད་ཆེན་དང་ཆེད་ལས་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པར་གྱུར་པ་དང་འབྲེལ་ཤར་རྒྱུད་ཀྱི་ཞིང་ཁུལ་དུ་དཔྱིད་ཀའི་པད་ཁ་དང་། དཔྱིད་གྲོ ཞོག་ཁོག སྔོ་ཚལ་བཅས་འདེབས་འཛུགས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་ལས་གསོ་སྦྱོང་བཅས་གཙོ་གནད་དུ་བྱས་པ་དང་། ས་མ་འབྲོག་ཁུལ་དུ་ཕྱུགས་རིགས་གསོ་ཚགས་དང་། བཞོན་མ་རྒྱུད་སྤེལ་སོགས་ཆེད་ལས་རྩལ་ནུས་གསོ་སྦྱོང་གཙོ་གནད་དུ་བྱས་པ། རྩྭ་ཐང་གི་འབྲོག་ཁུལ་དུ་རྩྭ་ཐང་སྣོད་བཅུད་འབྲོག་ལས་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་གཙོ་གནད་དུ་བྱས་ནས་གསོ་སྦྱོང་གི་ནང་དོན་དང་དངོས་ཡོད་ཐོན་སྐྱེད་ཟུང་འབྲེལ་མ་ཐུབ་པའི་ཞན་ཆ་བསལ་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གིས་《བཤས་ཕྱུགས་གསོ་ཚགས་ལག་རྩལ་》སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཆེད་ལས་ཞིང་འབྲོག་པ་གསར་པའི་གསོ་སྦྱོང་འདུ་འགོད་རིགས་ཀྱི་བསླབ་གཞི་གཤམ་སྤྲོད་བྱས་ནས་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པ་སྐྱེད་སྲིང་སྐོར་གྱི་བསླབ་གཞི་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་འབྲེལ་འབྲིང་རིམ་ལས་རིགས་སློབ་གསོ་དང་ཆེད་ལས་རྩལ་གསོ་སྦྱོང་ཟུང་འབྲེལ་བྱས་ཏེ་སྦྱངས་ནས་གྲུབ་འབྲས་ཐོབ་པ་དང་སྦྱངས་ནས་གོ་ཆོད་པའི་འགན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།