འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་ཅུས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་ཅུས་འཛུགས་པའི་མཛད་སྒོ་འཚོགས་ཤིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཉིང་ཅིས་ཀྲེས་བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་ཅུས་འཛུགས་པ་ནི་བསྡོམས་རྩིས་བྱ་གཞག་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་དང་བསྡོམས་རྩིས་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དེས་ཕྱོགས་ཡོངས་ནས་ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་བསྡོམས་རྩིས་བཅོས་སྐྱོང་ལས་དོན་ལ་ལམ་བུ་གསར་པ་ཞིག་བཏོད་པ་མཚོན་ཡོད། བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་ཅུས་ཀྱིས་བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་གྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བསྡོམས་རྩིས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་ཞིབ་བཤེར་ནན་པོ་བྱས་ནས་བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་དང་དེང་རབས་ཀྱི་བསྡོམས་རྩིས་བརྟག་དཔྱད་མ་ལག་འཛུགས་རྒྱུར་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།