འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་ཀྱི་རྒྱལ་ཁབ་དབར་འགྲིམ་འགྲུལ་ཕན་
    ཚུན་སྦྲེལ་མཐུད་ཀྱི་གྲོས་ཆོད་130ལྷག་ལ་མིང་བཏགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་22ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཁྲུན་ཀེང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དབར་ལྕགས་ལམ་དང་། གཞུང་ལམ། མཚོ་ཐོག་སྐྱེལ་འདྲེན། མཁའ་འགྲུལ་དང་སྦྲག་སྲིད་བཅས་ཀྱི་ཕྱོགས་གཉིས་དང་ས་ཁོངས་སྐྱེལ་འདྲེན་གྱི་འབྲེལ་ཡོད་གྲོས་ཆོད་130ལྷག་ཙམ་ལ་མིང་བཏགས་བཀོད་ཡོད་ཅེས་བཤད་པ་རེད།
           བསྡོམས་རྩིས་བྱས་པར་གཞིགས་ན། གཞུང་ལམ་དང་ཆུ་ལམ་འགག་སྒོ་73བརྒྱུད་རང་རྒྱལ་དང་འབྲེལ་ཡོད་རྒྱལ་ཁབ་དབར་རྒྱལ་སྤྱིའི་འགྲོ་ལམ་གྱི་འགྲུལ་སྐྱེལ་དང་ཟོག་འདྲེན་ལམ་བུ་356ཤར་གཏོང་ཐུབ་པ་དང་། མཚོ་ཐོག་སྐྱེལ་འདྲེན་ཞབས་ཞུ“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཡོངས་ལ་ཁྱབ་ཡོད། ལམ་རྒྱུད་རྒྱལ་ཁབ་43དང་མཁའ་ཐོག་ཐད་གཏོང་འགྲུལ་ལམ་ཤར་གཏོང་ཐུབ་ནས་གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་ཚད་ཐེངས་4200ཙམ་ཟིན་པ། རྒྱལ་སྤྱིའི་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་འགྲོ་ལུགས་གཉེར་སྟངས་སྟབས་བདེར་ཕྱིན་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་རྒྱལ་སྤྱིའི་ལྕགས་ལམ་དངོས་ཟོག་མཉམ་འབྲེལ་སྐྱེལ་འདྲེན་ལ་སྐུལ་འདེད་ཐེབས་པ་དང་རྒྱལ་སྤྱིའི་ལྕགས་ལམ་སྦྲག་སྐྱེལ་མཉམ་ལས་རྒྱ་སྐྱེད་བཏང་ཡོད་པ་དང་། “ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར”39ཤར་གཏོང་ཐུབ་ནས་རྒྱལ་ཁབ་10དང་གྲོང་ཁྱེར་15ལ་སླེབས་ཀྱི་ཡོད་པ་རེད།
           གཞན་ཡང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་གཞུང་ལམ“ཆེན་པོ་གཉིས”དང་། ཀོ་ཏར་གྲུ་ཁ། སི་ལི་ལན་ཁའི་ཁོ་ལུན་པོའི་གྲུ་ཁ་དང་དེའི་གྲུ་ཁའི་གྲོང་ཁྱེར། ཧན་པན་ཐོ་ཐ་གྲུ་ཁ། ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ། ཁེན་ནི་ཡའི་མོང་ནེའི་ལྕགས་ལམ། ཀེ་རི་སེའི་པི་ལེ་ཨའེ་ཕུའུ་སི་གྲུ་ཁ། རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱལ་སྤྱིའི་མཚོ་ཐོག་འགྲུལ་ལམ་བཅོས་སྐྱོང་ལས་གྲྭ་དང་བཅས་ཀྲུང་གོ་དང་ཨུ་རུ་སུའི་ས་མཚམས་སྒྲོལ་བའི་སྦྲེལ་ཟམ་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་རྣམས་གྲངས་སྔ་རྗེས་སུ་འགོ་ཚུགས་པའམ་ཡང་ན་ལས་གཉེར་བྱེད་འགོ་ཚུགས་ཡོད་པ་རེད།
            ཝུའུ་ཁྲུན་ཀེང་གིས་གོམས་སྟབས་རྗེས་མར་འགྲིམ་འགྲུལ་འཆར་འགོད་དང་ཚད་གཞི་སྦྲེལ་འཐུད་ཐུབ་རྒྱུར་སྐུལ་འདེད་ཐུབ་པ་བྱས་ནས་སྐམ་སའི་སྐྱེལ་འདྲེན་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལམ་རྒྱུད་རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་སྟབས་བདེ་ཅན་གྱི་ཁོར་ཡུག་དང་ཆ་རྐྱེན་ལེགས་བཅོས་གཏོང་བ་དང། རྒྱལ་ནང་གི་མཚོ་རྒྱུད་གྲུ་ཁའི་སྒོ་མོའི་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་སྐམ་ས་དང་ཆུ་ཐོག་གི་མཉམ་འབྲེལ་སྐྱེལ་འདྲེན་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས་མཚོ་ཐོག་སྐྱེལ་འདྲེན་དང་གྲུ་ཁ་འཛུགས་སྐྲུན་གཉེར་སྐྱོང་ཐད་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།